རྟའུ་རྫོང་གི་ལྗང་མདོག་སྐྱེ་ཁམས་ལྟ་སྐོར་གྱི་ཐོན་ལས་ཁུལ་འཛུགས་བསྐྲུན་བྱས་པ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-01


        རྒྱུས་ལོན་བྱུང་པ་ལྟར་ན།  ད་ལོ་རྟའུ་རྫོང་གིས་ཐོན་ལས་ཆེ་བའི་ཐོག་ལ་ཐོན་ལས་ཆུང་བ་སྣོན་པ་ཞེས་པའི་མ་དཔེ་རྒྱུད་ནས།  མ་དངུལ་དམངས་སྒོར་ཁྲི་2997.81སྡུད་སྒྲིག་བྱས།  སྤྱི་ལེ་བརྒྱ་ཕྲག་ལ་ཉེ་བའི་ལྗང་མདོག་སྐྱེ་ཁམས་ཀྱི་ཐོན་ལས་ས་ཁུལ་གཙོ་བོ་བཟུང་པ་དང་།  ཁྱད་ཆོས་ལྡན་པའི་གཙོ་རྟེན་ཐོན་ལས་གསོ་སྐྱོང་བྱས་ནས།  དབུལ་ཕོངས་གྲོང་སྡེ་23དང་དུད་ཚང་284    མི་གྲངས་1248དབུལ་སྒྲོལ་གྱི་ལམ་དུ་བརྟན་པོར་ཕྱིན་པ་རེད།
        དར་མདོ་དང་གཡག་རྔ་བར་གྱི་མྱུར་བགྲོད་གཞུང་ལམ་མི་འགྱངས་ལེགས་འགྲུབ་བྱུང་བ་དང་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོའི་འགྲིམ་འགྲུལ་དྲ་རྒྱ་སྔར་བས་འཐུས་ཚང་དུ་གཏོང་བར་བརྒྱུད་ནས།རང་རེའི་ཁུལ་གྱི་རྫོང་སོ་སོའི་སྲོལ་རྒྱུན་རྣམ་པའི་འགྲིམ་འགྲུལ་གནས་བབ་དང་ས་བབ་ཀྱི་ལེགས་ཆ་སོགས་གསར་དུ་བརྗེ་བ་དང་བཀོད་སྒྲིག་བྱ་རྒྱུ་རེད།  ཕྱུག་འགྱུར་འདོད་ཀྱང་གཞུང་ལམ་མེད་ཅེས་པའི་ཚོད་འཛིན་མང་དུ་ཐེབས་པའི་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ཀྱི་རྫོང་སོ་སོས།   ངེས་པར་དུ་ལྟ་བ་གསར་པ་དང་མིག་རྒྱང་རིང་པོས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྙེག་པར་མ་ཟད།  རང་ཉིད་ཀྱི་དགེ་སྐྱོན་ལ་བརྡར་ཤ་གསལ་པོ་བཅད་ནས་རྫོང་ཁོངས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་སྙོམས་སྒྲིག་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1