༄༅།། དཔལ་ཡུལ་ཧོར་པོའི་མི་རིགས་ལག་ཤེས་བཟོ་རྩལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-05


དཀོན་མཆོག་རྡོ་རྗེས་པར་བླངས།
        གླིང་གེ་སར་རྒྱལ་པོའི་གོ་མཚོན་བཟོ་གྲྭ་ཞེས་གྲགས་པའི་དཔལ་ཡུལ་ཧོར་པོའི་མི་རིགས་ལག་ཤེས་བཟོ་རྩལ་དེ་བཟོ་སྤུས་ལེགས་ཤིང་རྣམ་པ་མཛེས་ལ་ལོ་རྒྱུས་རྒྱུན་རིང་བས་མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན།
        ཧོར་པོའི་མི་རིགས་ལག་ཤེས་བཟོ་རྩལ་དེ་ཡིས་བོད་མི་རིགས་དམངས་ཁྲོད་ཀྱི་ལག་ཤེས་སྒྱུ་རྩལ་གྱི་རྣམ་པ་ཀུན་ནས་མཚོན་ཞིང་འགྲན་ཟླ་བྲལ་བའི་མི་རིགས་སྒྱུ་རྩལ་གྱི་རྩ་ཆེན་ནོར་བུ་ཞེས་བརྗོད་ཆོག 2003ལོར་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཡུལ་སྐོར་ཚོང་རྫས་དང་ཡུལ་སྐོར་ཚོང་རྫས་དམིགས་འཛུགས་ཐོན་སྐྱེད་རྟེན་གཞིར་གཏན་འཁེལ་བྱས། 2008ལོར། དཔལ་ཡུལ་ཧོར་པོའི་གསེར་དངུལ་ཟངས་རིགས་ཀྱི་ལག་ཤེས་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་ཡུལ་གྱི་གྲས་སུ་བདམས།



















དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1