རྔ་བ་ཁུལ་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-06


        སྤྱི་ཟླ་6པའི་ཚེས་5ཉིན། རྔ་བ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་འབར་ཁམས་སུ་འཛམ་གླིང“དྲུག་ལྔ”ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ། 

        བྱེད་སྒོས་རི་ཆུའི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བརྗོད་དོན་དུ་བཟུང་ཞིང་འཕྲེད་བྱང་འགེལ་བ་དང་ཁོར་སྲུང་དང་འབྲེལ་བའི་རྒྱུ་ཆ་བཀྲམ་པ། དྲི་གཞི་དང་ལེན་བྱེད་པ། ཁོར་སྲུང་ཁུག་མ་འགྲེམ་སྤེལ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་དུ་བཏང་། ཐེངས་འདིའི་བྱེད་སྒོའི་དམིགས་བྱ་གཙོ་བོ་ནི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཁོར་སྲུང་གི་འདུ་ཤེས་སྲ་བརྟན་དང་འོས་འགན་ལག་བསྟར་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན། གྲོན་ཆུང་གི་འདུ་ཤེས་དང་སྐྱེ་ཁམས་ཀྱི་འདུ་ཤེས། ཁོར་སྲུང་གི་འདུ་ཤེས་བཅས་ཤུགས་དྲག་ཏུ་བཏང་ནས་མཉམ་དུ་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་པ་དེའོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1