བོད་རང་ལྗོངས་ཀྱིས་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 06-07


        སྤྱི་ལོ་2017 ལོའི་ཟླ་6 པའི་ཚེས་5 ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་46 པ་དེ་ཡིན་པ་དང་།  ཉིན་དེའི་སྔ་དྲོར།  བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་20 ལྷག་གི་ལས་བྱེད་ལས་བཟོ་པ་དང་སློབ་གྲྭའི་དགེ་སློབ།  དེ་མིན་དམངས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོང་མི་སྣས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་དྲིལ་བསྒྲགས་ཡིག་ཤོག་བཀྲམ་པ་དང་རིག་རྩལ་འཁྲབ་སྟོན་བྱེད་པ།  འཕྲེད་འགེལ་སྦྱར་ཚིག་འགེལ་བ།  སྒྲ་བརྙན་དང་པར་རིས་འགྲེམ་སྟོན།  དོགས་གནད་སེལ་བ་སོགས་རྣམ་པ་མང་པོའི་ཐོག་ནས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སྒྲོག་འགྲེལ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཁྱབ་སྤེལ་བཏང་ནས།  འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་ཕུན་སུམ་ཚོགས་པོ་ཞིག་སྤེལ་བ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1