དཀར་མཛེས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 06-07


          

        གསར་འགོད་པས་དཀར་མཛེས་ཁུལ་གྱི་དབུལ་སྐྱོར་དང་ཡུལ་མི་གནས་སྤོ་ལས་དོན་ཅུས་ནས་ཤེས་རྟོགས་བྱུང་པའི་གནས་ཚུལ་ལྟར་ན། དཀར་མཛེས་ཁུལ་གྱིས་ཡུལ་སྐོར་དབུལ་སྐྱོར་ལས་དོན་དེ་རྒྱལ་ཁབ་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་གཞི་རྩའི་སྒྲོམ་གཞིའི་ནང་དུ་བཞག་པ་དང་།  ཡུལ་སྐོར་ལ་དམིགས་ནས་སྒྲིག་གཞི་སྒྲིག་སྦྱོར་དང་། ཡུལ་སྐོར་ལ་དམིགས་ནས་གྲོང་ཁྱེར་དང་ཡུལ་ཤོག་འཛུགས་སྐྲུན་བྱེད་པ། ཡུལ་སྐོར་ལ་དམིགས་ནས་ཐོན་རྫས་གསར་གཏོད་བྱེད་པ། ཡུལ་སྐོར་ལ་དམིགས་ནས་ཐོན་ལས་ལེགས་བཅོས་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལྟར། ཡུལ་སྐོར་དང་དབུལ་སྐྱོར་དམིགས་སུ་བཟུང་ནས་ཧུར་ཐག་སྒོས་ཡུལ་སྐོར་འཕེལ་རྒྱས་ཀྱིས་དབུལ་སེལ་ཕྱུག་འགྱུར་ལ་སྐུལ་འདེད་དང་དབུལ་སྐྱོར་གསར་སྤེལ་གྱིས་ཡུལ་སྐོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་དབུལ་སྐྱོར་ལས་ཀའི་ཐབས་ལམ་འཚོལ་ཞིབ་བྱས།  ཁུལ་ཡོངས་སུ་ཡུལ་སྐོར་དབུལ་སྐྱོར་ཡུལ་ཤོག་91གཏན་ཁེལ་བྱས་ཤིང་།  དེ་ནང་བྱང་བུ་དང་ཡིག་ཚགས་བཟོས་པའི་དབུལ་ཕོངས་དུད་ཚང་2074དང་མི་གྲངས་8427ཡོད། སོ་སོས་ཁུལ་ཡོངས་ཀྱི་སྤྱི་གྲངས་ཀྱི་6.69%དང་4.28% དེ་མིན་4.27%ཟིན། འཆར་གཞི་ལྟར་ལོ་ལྔའི་ནང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱིས་མི་ཁྲི་གསུམ་དབུལ་སྐྱོར་ཕྱུག་འགྱུར་མངོན་འགྱུར་བྱུང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1