སྦྲང་མ་གསོ་སྐྱོང་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 06-12



    
        ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཉི་སྐྱིད་སྦྲང་ནོར་བུ་ཆེད་ལས་མཉམ་ལས་ཁང་དེ་སྤྱི་ལོ་2015ལོར་བཙུགས་ཚུན།  ཉི་མ་བདེ་སྐྱིད་དང་ཁོང་གི་བཟའ་ཟླ་ཧྲེ་ཅིང་པོ་ཡིས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་100 ལྷག་ཙམ་ལ་སྦྲང་ནོར་བུ་གསོ་ཚགས་ལག་རྩལ་བསླབས་པ་མ་ཟད།  ཁྱིམ་ཚང་20ལ་གཞི་ཁྱོན་ཅུང་ལྡན་པའི་སྦྲང་ནོར་བུའི་གསོ་ཚགས་དུད་ཁྱིམ་ཆགས་རྒྱུར་ཁྲིད་སྟོན་བྱས་པ་དང་།  དུད་ཁྱིམ་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཚོ་20ཙམ་ཟིན་བཞིན་ཡོད།  མཉམ་ལས་ཁང་དེས་ད་དུང་ལྷ་སའི་པུ་རུད་བོད་ལྗོངས་སྦྲང་རྩི་ཚད་ཡོད་ཀུང་སི་དང་ཆེད་ལས་མཉམ་ལས་ཁང་གཉིས་ཀྱིས་དུས་ཡུན་རིང་པོར་མཉམ་འབྲེལ་གྱི་ཚོང་ལས་འབྲེལ་བ་བཙུགས་ནས།  ཕྱིར་ཚོང་ལམ་བུ་བརྟན་པོ་ཡོང་རྒྱུ་འགན་ལེན་ཐུབ་པ་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1