ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེ་དྲ་བ། སྤེལ་དུས། 06-12


        སྤྱི་ཟླ་6པའི་ཚེས་9ཉིན། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པ་དེ་ཧ་སག་ཁེ་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་རུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ལས་དབང་ཐུན་མོང་མ་ལག་གི་འདུ་ཤེས་ལ་ཤུགས་སྣོན་བྱ་རྒྱུ་དང་མཐུན་སྒྲིལ་མཐུན་སྦྱོར་སྲ་བརྟན་དུ་གཏོང་བ། ལག་གདང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏོད་པ། དངོས་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ། སྒོ་འབྱེད་དང་བཟོད་སྒོམ་རྒྱུན་འཁྱོངས་བཅས་བྱས་ཏེ། མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འོད་སྟོང་འབར་བའི་མ་འོངས་པ་གསར་གཏོད་བྱ་དགོས་ཞེས་གསུངས། 
        ས་གནས་དེ་གའི་དུས་ཚོད་དེ་སྔ་དྲོའི་ཆུ་ཚོད་11དང་སྐར་མ་40ཡི་ཐོག ཞི་ཅིན་ཕིང་རང་བཙན་ཕོ་བྲང་དུ་འབྱོར་བ་དང་། ཧ་སག་ཁེ་སི་ཐན་གྱི་ཙུང་ཐུང་ནཱ་བཀྲ་པ་ཡེ་ཕུས་སྤྲོ་སེམས་འཁོལ་པོའི་ངང་དགའ་བསུ་ཞུས།
        གྲོས་ཚོགས་སུ་ཞུགས་པའི་འགོ་ཁྲིད་པས་ཧྲང་ཧེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་ལས་འགན། མདུན་ལྗོངས་བཅས་ལ་དབྱེ་ཞིབ་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལ་བསམ་ཚུལ་བརྗེ་རེས་བྱས་ཏེ། ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་བྱུང་། གྲོས་ཚོགས་སྟེང་རྒྱ་གར་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ལ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གོ་གནས་དངོས་སུ་གནང་། གྲོས་ཚོགས་སྟེང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོ་ལས་འཛིན་ལྷན་ཚོགས་ཀྱི་ཐེངས་རྗེས་མའི་གྲོས་ཚོགས2018ལོར་ཀྲུང་གོ་ནས་བསྡུ་རྒྱུ་དང་། ཐེངས་རྗེས་མའི་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཀྲུང་གོས་ཁུར་རྒྱུ་ཐག་བཅད།
        ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་ཁ་ཡིག་ལ་མཐུན་སྒྲིལ་མཉམ་ལས་དང་སྒོ་འབྱེད་བཟོད་སྒོམ་བྱས་ནས། བདེ་འཇགས་དང་བརྟན་འཇགས། དར་རྒྱས་གོང་འཕེལ་བཅས་ཀྱི་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱ་དགོས་ཞེས་པའི་གཏམ་བཤད་གལ་ཆེན་གནང་།
        ཞི་ཅིན་ཕིང་གིས་ད་ལོ་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩ་ཁྲིམས་བཀོད་དེ་ལོ་བཅོ་ལྔ་ལོན་པ་ཡིན་ལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་དུས་ཡུན་རིང་བོར་འཆམ་མཐུན་མཛའ་བཤེས་མཉམ་ལས་ཀྱི་སྲོལ་ཡིག་བཀོད་དེ་ལོ་བཅུ་ལོན་པའང་ཡིན་པས། ཁོངས་གཏོགས་རྒྱལ་ཁབ་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྙིང་སྟོབས་བརྩི་སྲུང་བྱས་ནས། མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བའི་མིག་དཔེ་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བདེ་འཇགས་དང་བརྟན་འཇགས། དར་རྒྱས་གོང་འཕེལ་བཅས་ཀྱི་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱ་འདོད་ཡོད་ཅེས་གསུངས། 
        ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་གཞི་ལྔ་བཏོན་པ་སྟེ། གཅིག་ནས་མཐུན་སྒྲིལ་མཉམ་ལས་ཇེ་དམ་དུ་གཏང་དགོས་པ་དང་། གཉིས་ནས་ལག་གདང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་འཇལ་དགོས། གསུམ་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། བཞི་ནས་མི་གཞུང་འབྲེལ་འདྲིས་ལ་ཤུགས་སྣོན་དགོས། ལྔ་ནས་སྒོ་འབྱེད་བཟོད་སྒོམ་རྒྱུན་འཁྱོངས་བྱ་དགོས་ཞེས་གསུངས། 
        ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་དང་ལེན་བྱ་རྒྱུ་མ་ཟད། 2018ལོའི་ཟླ་དྲུག་པར་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཕྱོགས་སོ་སོ་དང་མཉམ་དུ་རྩ་འཛུགས་རང་གི་འོད་སྟོང་འབར་བའི་མ་འོངས་པ་གསར་གཏོད་བྱ་རྒྱུ་ཡིན་ཞེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1