རྔ་བ་ཁུལ་གྱིས་ཚན་རིག་ལག་རྩལ་སློབ་གྲྭར་ཁྱབ་གདལ་གཏོང་པའི་བྱེད་སྒོ་སྤེལ་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-12


        སྤྱི་ཟླ་6པའི་ཚེས་5ནས་ཚེས་7ཉིན་བར།  རྔ་བ་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་དང་རྔ་བ་ཁུལ་སློབ་གསོ་ཅུས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་2017ལོའི་རྔ་བ་ཁུལ་ཚན་རིག་ལག་རྩལ་སློབ་གྲྭར་ཁྱབ་གདལ་གཏོང་བ་ཞེས་པའི་བྱེད་སྒོ་འབར་ཁམས་གྲོང་ཁྱེར་དུ་སྤེལ།  ཐེངས་འདིའི་བྱེད་སྒོ་ནི་ཚན་རིག་ཚོད་ལྟ་སློབ་ཁང་དུ་སྐྱེལ་བ་དང་ཚན་རིག་དང་འབྲེལ་བའི་འཁྲབ་སྟོན་བྱེད་པ།  ཚན་རིག་ཁྱབ་གདལ་གྱི་ཡོ་བྱད་སྣ་ཚོགས་སློབ་གྲྭར་སྐྱེལ་བ་སོགས་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་ལྡན་ཞིང་།  དགེ་སློབ་རྣམས་ལ་ཚན་རིག་གི་གསང་བ་ཉམས་ལེན་བྱེད་དུ་བཅུག་པ་རེད། 

        བྱེད་སྒོའི་ཁྲོད་དུ།  ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་ཉམས་ལེན་གསར་པས་སློབ་མ་ཡོངས་ཀྱི་སློབ་སྦྱོང་གི་འཚོ་བ་སྔར་ལས་འཐུས་ཚང་དུ་བཏང་བ་དང་། འབར་ཁམས་གྲོང་ཁྱེར་གྱི་སློབ་ཆུང་གཉིས་པའི་ལོ་རིམ་ལྔ་པའི་སློབ་གྲོགས་ཀུན་དགའ་རིན་ཆེན་གྱི་སེམས་པ་ཧ་ཅང་སྤྲོ་ནས་ང་བྱེད་སྒོ་འདིའི་རིགས་ལ་ཧ་ཅང་དགའ་ལ།  རྗེས་སུ་རྒྱུན་དུ་སྤེལ་བའི་རེ་བ་ཡོད་ཟེར།   

        ཁུལ་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་ལེ་ཝུའུ་ཀོས་གསར་འགོད་པ་ལ་ཐེངས་འདིའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི་ཚན་རིག་གི་འབྲས་བུ་བཏབ་ནས་ཚན་རིག་གི་ཕུགས་འདུན་ལ་བསྙེག་ཅེས་པ་འདི་ཡིན་ལ།  དེ་ནི་ཚན་རིག་གི་འབྲས་བུ་གཞོན་ནུ་ཚོའི་སྙིང་ཁོང་དུ་བཏབ་སྟེ་ལོ་འདབ་རྒྱས་ཞེས་པའི་དོན་རེད་གསུངས།  ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོས་ཕུན་སུམ་ཚོགས་པའི་ནང་དོན་ལ་བརྟེན་ནས་ཕྲུ་གུ་ཚོས་ཚན་རྩལ་གྱི་གྲུབ་འབྲས་རྟོགས་དཀའ་བ་ཉམས་སུ་མྱོང་བ་དང་ཚན་རྩལ་གྱི་ངོ་མཚར་བའི་འགུག་ཤུགས་ལ་རྒྱུས་ལོན་བྱས། གསོན་ཉམས་དང་སྤྲོ་སྣང་ལྡན་པའི་ཐབས་ཤེས་བེད་སྤྱོད་བྱས་ནས་ཕྲུ་གུ་ཚོ་ཚན་རྩལ་ཁྱབ་གདལ་ལ་ཞུགས་པའི་སྤྲོ་སྐྱེད་སྲིང་དང་ཚན་རིག་ལ་དགའ་མོས་དང་སྤྲོ་སྣང་ཡོད་པར་བྱས་ནས།  གཞོན་ནུ་ཚོའི་ཚན་རིག་གི་བྱང་ཚད་མཐོ་འདེགས་སུ་བཏང་།  
        ཐེངས་འདིའི་བྱེད་སྒོ་ནི་འབར་ཁམས་གྲོང་ཁྱེར་དང་ཝུན་ཁྲོན་རྫོང་།  ལི་རྫོང་བཅས་འདུས་པའི་རྫོང་(གྲོང་ཁྱེར།)3གྱི་སློབ་གྲྭ་9དང་གླིང་1ལ་ཁྱབ་ཡོད་པ་དང་ཐད་ཀར་ཚན་རིག་འཁྲབ་སྟོན་དང་ཚན་རིག་ཉམས་ལེན་གྱི་ལྟད་མོ་བ་མི་གྲངས་7000ལྷག་ཡོད་པ་དང་ཚན་རིག་ལག་ལེན་གྱི་སློབ་ཁྲིད་ཐེངས་129དང་གཞོན་ནུ་5000ལྷག་ཟབ་ཞུགས་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1