རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་ལ་ཞུགས་པའི་རྔ་བའི་ཤུལ་བཞག་རིག་གནས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-12


         གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (ཚེ་རིང་མཚོ་མོས་པར་བླངས།)སྤྱི་ཟླ་6པའི་ཚེས10ཉིན་གྱི་སྔ་དྲོར་ཀྲུང་གོ་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དྲུག་པ་དང2017ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིག་གནས་པུའུ་ཡི་ཚོགས་ར་གཙོ་བོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་སྟོན་ཚོགས་གླིང་དུ་གཟབ་རྒྱས་ངང་སྤེལ་བ་རེད། ཐེངས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་རྒྱུན་འཛིན་གོང་འཕེལ་གྱི་གསོན་ཉམས་དོད་པའི་ལག་ལེན་ཞེས་པ་དེ་ཡིན་པ་དང་།  རྒྱལ་ཁབ་100ལྷག་ཙམ་ནས་ཡོང་བའི་རྒྱལ་སྤྱིའི་གྲོགས་པོ་500ལྷག་ཙམ་སྐབས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་སྤེལ་རེས་དང་འགྲེམས་སྟོན་བྱེད་སྒོར་ཞུགས་ཡོད། 

        སྲོལ་རྒྱུན་རིག་གནས་ཀྱི་རྫོང་སྟུག་པའི་རྔ་བ་ཁུལ་གྱི་རྫོང་དང་གྲོང་ཁྱེར་13ཡི་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་34ཐེངས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་ལ་ཟབ་ཞུགས་བྱས་པ་རེད། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1