ཇོ་མོ་གླང་མའི་འདབས་ཀྱི་ལྗང་མདོག་སྲུང་མཁན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-13


         ཇོ་མ་གླང་མའི་འདབས་སུ་འདི་ལྟ་བུའི་མི་ཚོགས་ཤིག་ཡོད་པ་སྟེ་ས་གནས་དེ་གའི་མང་ཚོགས་ཀྱིས་ཁོང་ཚོར“ཕན་བདེ་བ”ཞེས་འབོད་བཞིན་ཡོད། 

        2009ལོར་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་འོག་ཚེ་རིང་ནོར་བུས“ཕན་བདེ་བ”ཞེས་པའི་མཐུན་ཚོགས་ཤིག་བཙུགས་ཤིང་། མཐུན་ཚོགས་དེ་འདྲ་ཞིག་འཛུགས་པའི་དམིགས་ཡུལ་ནི་དམངས་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། སྡེ་ཁུལ་གྱི་གྲོང་མིར་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་འདེད་གཏང་རྒྱུའི་ཆེད་དུ་རེད། མིག་སྔའི་བར་མཐུན་ཚོགས་དེས“ཕན་བདེ་བ”400ལྷག་གསོ་སྐྱོང་བྱས་ཡོད་པ་རེད། 

        ཉེ་བའི་ལོ་ཤས་རིང་། “གླང་རྒན་ཐེབས་རྩ་ཚོགས་པ”སོགས་རྒྱལ་ནང་གི་སྤྱི་ཕན་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག་མཐུན་ཚོགས་དེས་སྲོལ་རྒྱུན་གྱི་ལུག་ཚང་སྒྱུར་བཀོད་དང་། འདམ་རར་ཆུ་གསབ་པ། ཁོར་ཡུག་སྲུང་སྐྱོབ་སློབ་གསོ། རྩལ་ནུས་གསོ་སྦྱོང་སོགས་རྣམ་གྲངས་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1