སེར་ཤུལ་རྫོང་གི་བོད་སྨན་གསར་བཟོ་དང་ཞིབ་འཇུག་གི་ཕུགས་འདུན་མངོན་འགྱུར་བྱུང་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-14


        སེར་ཤུལ་རྫོང་གི་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ཆེད་དུ་སྤུས་ཚད་ལེགས་ཤིང་ཕན་ནུས་མངོན་པར་གསལ་བ།  རིན་གོང་འོས་ཤིང་འཚམ་པ་དང་ཐོན་སྐྱེད་ཚད་ལྡན་ཡིན་པའི་བོད་སྨན་གསར་བཟོ་དང་ཞིབ་འཇུག་བྱ་རྒྱུ་ནི་སེར་ཤུལ་རྫོང་བོད་སྨན་ཁང་གི་ལོ་དུ་མའི་རིང་གི་ཕུགས་འདུན་རེད།  ཉེ་བའི་ལོ་ཤས་རིང་།  ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རོགས་རམ།  དེ་མིན་སེར་ཤུལ་རྫོང་གི་རྒྱ་ཆེ་བའི་བོད་སྨན་ལས་བྱེད་པ་རྣམས་ཀྱི་འབད་འབུངས་འོག  སྤྱི་ལོ་2017ལོའི་ཟླ་3པར་ཞིང་ཆེན་དང་ཁུལ།  རྫོང་བཅས་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཚད་འཇལ་བྱས་རྗེས།  སེར་ཤུལ་རྫོང་བོད་ལུགས་གསོ་རིག་ཁང་ལ་སྨན་བཅོས་སྒྲིག་གཞིའི་སྨན་རྫས་སྡེབ་སྦྱོར་བྱེད་པའི་ཆོག་མཆན་ཐོབ།  ཉེ་ཆར།  སེར་ཤུལ་རྫོང་བོད་སྨན་ཁང་གིས་སྨན་ཁང་ཡོངས་ཀྱི་ལག་རྩལ་ནུས་ཤུགས་རྩ་འཛུགས་བྱས་ནས།  སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཐོན་སྐྱེད་དང་འབྲེལ་བའི་བླང་བྱ་དག་ནན་གྱིས་ལག་བསྟར་བྱས་པར་མ་ཟད།  ཧུར་བརྩོན་གྱིས་བོད་སྨན་གྱི་སྨན་རྫས་ཐོན་སྐྱེད་བྱེད་པར་རྩ་འཛུགས་དང་བོད་སྨན་ཀྱི་སྨན་རྫས་ཁག་ཡར་ཞུ་དང་བརྟག་བཤེར་དང་མ་དཔེ་སྐྱེལ་བའི་ལས་དོན་བསྒྲུབས་པ་རེད།  སེར་ཤུལ་རྫོང་སྨན་ཁང་གིས་བོད་སྨན་གྱི་སྨན་རྫས་ཁག་265ཉར་ཚགས་བྱེད་པ་དང་གོང་རིམ་ལ་བོད་སྨན་གྱི་སྨན་རྫས་ཁག་148ལ་ཆོག་མཆན་ཞུ་བའི་འཆར་གཞི་ཡོད་པ་རེད།
        མ་འོངས་པར་སེར་ཤུལ་རྫོང་གིས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་བར་ཤུགས་སྣོན་དང་སྨན་ཁང་གི་དོ་དམ་ཇེ་ལེགས་སུ་གཏོང་བ།  རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་མི་རིགས་སྨན་ཁང་ཁ་པ་བསྐྲུན་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བོད་ལུགས་གསོ་རིག་གི་ཞབས་ཞུ་རྩེ་གྲལ་དུ་སླེབས་པར་འབད་བརྩོན་བྱེད་རྒྱུ་ཡིན་པར་མ་ཟད།  བརྩོན་པ་ཆེན་པོས་མཐོ་སྒང་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་བོད་སྨན་ཁང་ཞིག་འཛུགས་རྒྱུ་རེད།  བོད་སྨན་ཀྱི་སྨན་རྫས་དངོས་སུ་ཐོན་སྐྱེད་བྱས་པ་ནས།  རང་རེའི་ཁུལ་གྱི་བོད་ལུགས་གསོ་རིག་ཀྱི་ལས་གཞི་དང་ཐོན་སྐྱེད་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏང་རྒྱུ་རེད།།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1