ཉག་ཆུ་རྫོང་གིས་ཤུགས་ཆེན་པོས་དབུལ་ཕོངས་དུད་ཚང་གི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-14


        ད་ལོ་ནས་བཟུང་། ཉག་ཆུ་རྫོང་གིས“བྱེད་ཐབས་ལྔ”ལག་བསྟར་བྱས་ཏེ་ཤུགས་ཆེན་པོས་དབུལ་ཕོངས་ཁྱིམ་ཚང་གི་སྡོད་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། 
        རྫོང་ཡོངས་སུ་གནས་སྤོ་སྲིད་ཇུས་ཀྱི་ཚད་གཞི་དང་མཐུན་པའི་བྱང་བུ་དང་ཡིག་ཚགས་བཟོས་པའི་དབུལ་ཕོངས་དུད་ཚང་ལ“རྟོག་ཞིབ་གཅིག་དང་སྤྱི་བསྒྲགས་གཉིས། ཞིབ་དཔྱད་གསུམ”གྱི་བྱེད་ཐབས་ལག་བསྟར་བྱས་ཏེ་གནས་སྤོ་དུད་ཚང་219གཏན་འཁེལ་བྱས། 
        ཇུས་ཆོད་རིགས་དབྱེ་བྱས་ནས་སྡོད་ཁང་འཛུགས་སྐྲུན་ལ་འཆར་འགོད་བྱས་པ་སྟེ། རྫོང་ཡོངས་ཀྱི་གནས་སྤོ་དུད་ཚང་དང་སྡོད་ཁང་མེད་པའི་དུད་ཚང་རྣམས་ལ་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ཚད་གཞི་གཟབ་ནན་སྒོས་གཏན་འབེབ་བྱས་པར་མ་ཟད། 《ཉག་ཆུ་རྫོང་གི་གནས་སྤོ་སྡོད་ཁང་དང་སྡོད་ཁང་མེད་པའི་དུད་ཚང་གི་འཛུབ་སྟོན་བསམ་འཆར།》གཏན་འབེབ་བྱས།  གཏན་འབེབ་ནང་ཁ་གསལ་པའི་སྒོ་ནས་བྱང་བུ་དང་ཡིག་ཚགས་བཟོས་པའི་གནས་སྤོ་དུད་ཚང་གི་སྡོད་ཁང་གཞི་ཁྱོན་མི་རེའི་ཆ་སྙོམས་ཀྱི་སྨི་གྲུ་བཞི་མ་25ལས་བརྒལ་མི་ཆོག་པ་རེད། 
        ཐོན་ཁོངས་གཅིག་སྡུད་བྱས་པ་བརྒྱུད་གནས་སྤོ་དང་བཀོད་སྒྲིག་ཀྱི་མ་དངུལ་དོན་ཐོག་ཏུ་འཁྱོལ་བ་དང་། བྱང་བུ་དང་ཡིག་ཚགས་བཟོས་པའི་དབུལ་ཕོངས་དུད་ཚང་གི་རོགས་དངུལ་གཏན་འཁེལ་བྱས་ཤིང་ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ཁུལ་དང་རྫོང་བཅས་ཀྱིས་ཁ་གསབ་རོགས་དངུལ་སྤྲད་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1