བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱི་དབྱར་འགོའི་མཛེས་ལྗོངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-15


        ཀླུང་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་བ་ནི་རྒྱལ་ཁབ་རིམ་པའི་གཞུང་ལམ་318པའི་འགྲམ་དུ་ཆགས་ཡོད་ལ། དེ་ནི་ཀོང་ཏུང་དང་བོད་ལྗོངས་གཉིས་ཀྱིས་ལག་གདང་སྦྲེལ་ནས་འཛུགས་སྐྲུན་བྱས་པ་སྟེ། བོད་ཀྱི་རིག་གནས་དང་། རང་བྱུང་སྐྱེ་ཁམས། དྭངས་གཙང་དང་ལྷིང་འཇགས། དེང་རབས་ཀྱི་དར་སྲོལ་བཅས་སྲོག་ཤིང་དུ་བཟུང་སྟེ་འཛུགས་སྐྲུན་བྱས་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་བ་ཞིག་རེད། ཀོང་ཏུང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་མང་པོ་དང་ལག་གདང་སྦྲེལ་ནས་མ་དངུལ་ཧ་ལམ་སྒོར་དུང་ཕྱུར་38བཏང་ནས། དུས་ཡུན་ལོ་དྲུག་ལ་འཛུགས་སྐྲུན་བྱས་ཤིང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་གཞི་གཙོ་གནད་དང་ཡུལ་སྐོར་ཐོན་ལས་ཀྱིས་དབུལ་སྐྱོར་གནད་སྨིན་བྱེད་པའི་ལས་གཞི་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་གསར་གཏོད་ལས་གཞི་གཙོ་གནད་ཀྱང་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1