རྔ་བ་ཁུལ་གྱི་ས་ཁུལ་འགའ་ལ་བསྟུད་མར་དྲག་ཆར་བབས་ནས་ཆུ་ལོག་བྱུང་།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཚགས་པར་ཁང་། སྤེལ་དུས། 06-15


        གནམ་གཤིས་བརྟག་དཔྱད་ཁང་གི་སྡོམ་རྩིས་བྱས་པ་ལྟར་ན། 2017ལོའི་ཟླ་6པའི་ཚེས་13ཉིན་གྱི་དུས་ཚོད་08ནས་ཟླ་6པའི་ཚེས་14ཉིན་གྱི་དུས་ཚོད་08བར། རྔ་བ་ཁུལ་དུ་ཆར་བ་འབྲིང་ཙམ་ནས་ཆར་བ་ཆེ་བབས་ཤིང་། དབུས་ཁུལ་དང་ལྷོ་ཁུལ་དུ་དྲག་ཆར་བབས། ཆར་ཆུ་འབབ་ཚད་ཆེས་ཆེ་ས་ནི་བཙན་ལྷ་རྫོང་གི་ལིའང་ཧོ་ཁོའུ་གྲོང་རྡལ་གྱི་མ་ཅ་ཀོའུ་ལུང་པ་ཡིན་ལ། ཆར་ཆུ་འབབ་ཚད་ནི་44.8mmཡིན། དེའི་ཁྲོད་དུ་ཆར་ཆུ་འབབ་ཚད་25mmལས་བརྒལ། དྲག་ཆར་རིམ་པར་བབས་པའི་ས་ཚིགས་57ཡོད། 
        དཔྱད་ཡིག་ལས་དབྱེ་ཞིབ་བྱས་པ་ལྟར་ན། དེ་རིང་ཉིན་མོ་ནས་དགོང་མོར་ཁུལ་ཡོངས་སུ་གནམ་ཐིབ་པ་དང་སྤྲིན་མང་བ་དང་ཆར་བ་འབྲིང་ཙམ་ནས་ཆར་བ་ཆེ་འབབ་རྒྱུ་རེད། ལྷོ་ནུབ་ཁུལ་གྱི་ས་ཆ་ཁ་ཤས་ལ་དྲག་ཆར་འབབ་རྒྱུ་རེད། ཚེས་15ཉིན་ནས་ཚེས་16ཉིན་བར། རང་ཁུལ་གྱི་ས་ཆ་མང་ཤས་ལ་སྤྲིན་མང་བ་དང་གནམ་ཐིབ་པ་ནས་ཆར་བ་ཆུང་ཆུང་འབབ་རྒྱུ་རེད་ལ། ས་ཆ་ཁ་ཤས་ལ་ཆར་བ་འབྲིང་ཙམ་འབབ་རྒྱུ་རེད།

1.རྒྱལ་ལམ་317རྒྱུད་ཀྱི་སོ་མང་ཡུལ་ཚོའི་ཝང་ཅ་ཀྲའེ་ལ་ཆར་བ་བསྟུད་མར་བབས་པས་སོ་མང་ཆུ་བོའི་ཆུ་གློ་བུར་དུ་བྲུག་ནས་གཞུང་ལམ་སྟེང་དུ་ཆུ་བླུགས་བྱུང་ལ། མྱུར་འཕྲལ་ཐག་གཅོད་བྱས་མཐར། མིག་སྔར་གཞུང་ལམ་གྱི་ཕྱོགས་གཅིག་ནས་བགྲོད་ཐུབ་པ་བྱུང་། 
2.རྫོང་འགག་ཕུར་མ་སྡེ་བའི་ཆུ་ཁའི་ཟམ་པའི་ཟམ་མིག་ཆུས་བཀག་ཡོད་པ་དང་། མྱུར་དུ་ཞིག་གསོ་བྱས་རྗེས། མིག་སྔར་ཕར་ཚུར་འགྲོ་ཐུབ་པ་བྱུང་། 
3.བྲག་བར་ཡུལ་ཚོ་མཉམ་ཁིས་སྡེ་བར་འདམ་རྡོའི་ཆུ་རུད་བྱུང་བས། འགྲིམ་འགྲུལ་བཀག་ཡོད་པ་དང་། མྱུར་དུ་ཞིག་གསོ་བྱས་རྗེས། མིག་སྔར་ཕར་ཚུར་འགྲོ་ཐུབ་པ་བྱུང་། 

འབར་ཁམས། 

        ཟླ་6པའི་ཚེས་14ཉིན། འབར་ཁམས་གྲོང་ཁྱེར་སོ་མང་ཆུ་བོའི་འབར་ཁམས་ཆུ་གློག་ས་ཚིགས་སུ་ཆུའི་མཐོ་ཚད་ཉེན་ཟོན་ཚད་ཐིག་ལས་བརྒལ་བ་དང་། དུས་ཚོད་14:55སྟེང་དུ། ཆུ་ལོག་གི་རླབས་རྩེ་ཆེ་ཤོས་496ལ་སླེབས་པ་དང་། ཉེན་ཟོན་ཆུའི་མཐོ་ཚད་ལས་སྨི0.42བརྒལ་བ་དང་། ཁེག་ཐེག་གི་ཆུའི་མཐོ་ཚད་ལས་སྨི་0.07བརྒལ། བཙན་ལྷ་རྫོང་གི་བཙན་ལྷ་ཆུ་གློག་ས་ཚིགས་སུ། དུས་ཚོད་8:15སྟེང་དུ་ཉེན་ཟོན་ཚད་ཐིག་ལས་བརྒལ་བ་དང་། དུས་ཚོད་12:15སྟེང་དུ། ཆུ་ལོག་གི་རླབས་རྩེ་ཆེ་ཤོས་548ལ་སླེབས་པ་དང་། ཁེག་ཐེག་གི་ཆུའི་མཐོ་ཚད་ལི་སྨི་0.07བརྒལ། ཝུན་ཁྲོན་རྫོང་བཀྲ་ཤིས་གླིང་ཆུ་བོ་སིང་ཕིན་ཆུ་གློག་ཚིགས་སུ་དུས་ཚོད་10:38སྟེང་དུ། ཆུ་ལོག་གི་རླབས་རྩེ་ཆེ་ཤོས་708ལ་སླེབས་པ་དང་། ཉེན་ཟོན་ཆུའི་མཐོ་ཚད་ལས་སྨི0.27བརྒལ། ཁྲོ་ཆུའི་ཆུ་གློག་ས་ཚིགས་སུ་སྔ་དྲོར་ཉེན་ཟོན་ཆུའི་མཐོ་ཚད་ལས་བརྒལ། མིག་སྔར་ཆུའི་མཐོ་ཚད་མར་བབས་ཡོད་པ་རེད། 

མའོ་རྫོང་། 

    2017ལོའི་ཟླ་6པའི་ཚེས་1ཉིན་གྱི་ཆུ་ཚོད་7ཡས་མས་སུ། རྔ་བ་ཁུལ་མའོ་རྫོང་ཁོངས་ཀྱི་རྒྱལ་ལམ་213གྱི་768km+900mམཚམས་སུ་(ཧྲི་ཏ་ཀོན་ལམ་གསར་རྙིང་གཉིས་ཀྱི་འབྲེལ་མཚམས།) ལམ་བརྡིབས་པས་འགྲོ་ལམ་ཆད། གཞུང་ལམ་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་མགྱོགས་མྱུར་ཞིག་གསོ་བྱས་རྗེས། དེ་རིང་ཕྱི་དྲོའི་དུས་ཚོད་6དང་སྐར་མ་10སྟེང་། ལམ་དུམ་འདི་མྱུར་བཟོ་བྱས་རྗེས་ཕྱོགས་གཉིས་སུ་ཤར་བགྲོད་ཐུབ་པ་བྱུང་། 
1.ཞིང་ཆེན་རིམ་པའི་གཞུང་ལམ་ལམ་ཐིག་210གི་52KM(ལིའང་ཧོ་ཡུལ་ཚོ་ཏ་དཔོན་སྡེ་བ།)མཚམས་སུ་འདམ་རྡོའི་ཆུ་རུད་བྱུང་། མྱུར་བཟོ་བྱས་རྗེས། མིག་སྔར་ཕར་ཚུར་འགྲོ་ཐུབ་པ་བྱུང་། 
2.བཙན་ལྷའི་ཁོངས་ཀྱི་རྒྱལ་ལམ་350གི་205KM+400Mམཚམས་སུ། (ཀྲའེ་ལུང་ཧྲང་ས་ཚིགས།)ཆུ་བོ་ཡར་འཕར་བས་འགྲོ་ལམ་བསྣུབས་བྱུང་ལ། ད་ལྟ་རླངས་འཁོར་བསྐྱོད་ཐབས་བྲལ། ཤར་གཏོང་ཐུབ་པའི་དུས་ཚོད་མིག་སྔར་སྔོན་དཔག་བྱེད་ཐབས་བྲལ།
3.ཞིང་ཆེན་རིམ་པའི་གཞུང་ལམ་210གི་81KM+300Mམཚམས་སུ། (ཧྥུ་པེན་ཀའོ་ཁ། ) ཆུ་བོ་ཡར་འཕར་བས་ལམ་གྱི་རྨང་རྡོ་བསྣུབས། འབྲེལ་ཡོད་རླངས་འཁོར་སྐོར་ནས་འགྲོ་རོགས་གནང་། 

བཙན་ལྷ་རྫོང་། 

     དེ་རིང་སྔ་དྲོའི་ཆུ་ཚོད་10སྟེང་།《རྔ་བ་ཁུལ་གྱི་ཆུ་ལོག་འགོག་པ་དང་ཐན་པ་འགོག་པའི་འཕྲལ་སྡོམ་སྔོན་ཇུས་བཟོ་བཅོས་པར་གཞི་(2017ལོ) 》ཡི་གཏན་འབེབས་ལྟར་ན། བཀོད་འདོམས་དཔོན་གཞོན་པའི་མོས་མཐུན་བྱུང་བ་བརྒྱུད། རྔ་བ་ཁུལ་གྱི་ཐན་འགོག་བཀོད་འདོམས་པུའུ་ཡིས་ད་ལྟ་ཁྱབ་བསྒྲགས་བྱས་དོན། རང་ཁུལ་གྱི་IVརིམ་པའི་ཞོད་འགོག་འཕྲལ་སྡོམ་བྱེད་ཐབས་སྤྱད་པ་རེད། འབྲེལ་ཡོད་བླང་བྱ་ལྟར། ཝུན་ཁྲོན་རྫོང་དང་འབར་ཁམས་གྲོང་ཁྱེར། བཙན་ལྷ་རྫོང་བཅས་ཀྱིས་དེ་མུར་བབ་བསྟུན་གྱི་བྱེད་ཐབས་སྤྱད་བྱུང་། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1