ཞིང་ཆེན་ཡོངས་ཀྱི་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ལས་ཀར་སྐུལ་འདེད་གཏོང་བའི་གྲོས་ཚོགས་འཚོགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-16


       

        ཞིང་ཆེན་ཡོངས་ཀྱི་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ལས་ཀར་སྐུལ་འདེད་གཏོང་བའི་གྲོས་ཚོགས་དེ་ཟླ་6པའི་ཚེས་15ཉིན་ཁྲེན་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེན་ཞའོ་ཀང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བར་མ་ཟད་ཚོགས་འདུའི་དགོངས་དོན་ཁག་དོན་འཁྱོལ་ཡོང་བའི་ཐད་དུ་བླང་བྱ་བཏོན།

        སྔ་དྲོའི་ཚོགས་འདུའི་ཐོག ཝང་ཏུང་མིང་གིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུའི་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཅིག་ལ་བརྩིས་ནས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་དང་། ཆབ་སྲིད་བསམ་བློ་འཛུགས་སྐྲུན་བྱེད་པ་དེ་ཐོག་མའི་གོ་གནས་སུ་འཇོག་པ། དོན་དངོས་ཐོག་འདུ་ཤེས་བཞི་སྲ་བརྟན་དང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་གཙོ་བོར་བཟུང་སྟེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དོ་དམ་ནན་མོ་བྱས་ནས། གནད་འགག་ཉུང་ཕྱོགས་དམ་འཛིན་དང་གནད་དོན་ཐག་གཅོད། གནད་དོན་ཞིབ་བཤེར། གནད་དོན་ལ་ཁ་གཏད་ནས་བསྒྱུར་བཅོས་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་དང་ལག་ལེན་གཉིས་ཟུང་དུ་འབྲེལ་ནས་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོར་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་བཏང་ནས། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་སྤེལ་གཏོང་བའི་རྣམ་གྲངས་སོ་སོའི་ལས་དོན་ཁག་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་དགོས། དེ་མིན་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་བར་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསམ་བློ་ཆབ་སྲིད་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ནན་གྱིས་ཏང་སྐྱོང་བའི་བྱེད་ཕྱོགས་ལག་བསྟར་དང་རྒྱུན་མཐུད་ངང་འགོ་ཁྲིད་ཚན་ཁག་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་བྱ་དགོས་ཞེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1