དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་འགྲོས་ཚད་ཇེ་མགྱོགས་སུ་ཕྱིན་པ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-16


        གཞི་གྲངས་ལས་ཤེས་རྟོགས་བྱུང་བ་ལྟར་ན།  སྤྱི་ལོ་2016ལོར་ཁུལ་ཡོངས་ལ་རིམ་པ་དང་རིགས་མི་གཅིག་པའི་སློབ་གྲྭ་བསྡོམས་པས་859ཡོད་པ་དང་།  དེ་ལས་བྱིས་སློབ་ཁང་389དང་སློབ་ཆུང་413  འབྲིང་རིམ་སློབ་གྲྭ་52དང་དམིགས་གསལ་སློབ་གསོའི་སློབ་གྲྭ་2   འབྲིང་རིམ་ལས་རིགས་སློབ་གྲྭ་3བཅས་འདུས།  ཁུལ་ཡོངས་ཀྱི་རིམ་པ་དང་རིགས་མི་གཅིག་པའི་སློབ་གྲྭ་རུ་ད་ལྟ་སློབ་གཉེར་བྱེད་བཞིན་པའི་སློབ་མ་བསྡོམས་པས་179393ཡོད་པ་རེད།  ལོ་གསུམ་ལམ་ལུགས་ཀྱི་བྱིས་སློབ་ཁང་ལ་ཞུགས་པའི་ཚད་63%དང་སློབ་ཆུང་ལ་ཞུགས་པའི་ཚད་116.99%(དངོས་སུ་ཞུགས་ཚད་99.11%)  དམའ་འབྲིང་ལ་ཞུགས་པའི་ཚད་118.78%(དངོས་སུ་ཞུགས་ཚད་96.01%)དང་འོས་འགན་སློབ་གསོ་སྲ་བརྟན་ཡོང་ཚད་94%ཟིན།  དེ་མིན་མཐོ་འབྲིང་རིམ་པའི་སློབ་གྲྭ་ལ་ཞུགས་ཚད་83.58%སླེབས་ཡོད་པ་རེད།
       རྒྱུས་ལོན་བྱུང་བར་ལྟར་ན།  ཉག་ཆུ་རྫོང་གིས་གྲངས་ཉུང་མི་རིགས་ས་ཁུལ་ལ་སློབ་གསོ་འཕེལ་རྒྱས་ཕྱིན་པའི་གོ་སྐབས་ལེགས་པོར་དམ་འཛིན་བྱས་ནས།  བསམ་བློའི་སློབ་གསོ་དང་བྱང་ཚད་རྒྱ་བསྐྱེད།  རིག་གནས་རོལ་རྩེད་དང་ཞབས་ཞུ་དོ་དམ་བཅས་བྱེད་ནུས་ཆེན་པོ་བཞིའི་སྟེང་དུ་ཉག་ཆུ་རྫོང་གིས་མགར་ར་ས་ཁུལ་གྱི་སློབ་གསོའི་གླིང་ག་བཙུགས་པ་དང་།  དཀར་མཛེས་ནུབ་རྒྱུད་ཀྱི་སློབ་གསོའི་གཙོ་གནད་རྫོང་འཛུགས་སྐྲུན་བྱས་ཏེ།  དཀར་མཛེས་ཁུལ་གྱི་ནུབ་རྒྱུད་ཀྱི་ཤེས་ལྡན་མི་སྣ་ཕྱིར་གཏོང་བྱེད་སའི་གནས་གལ་ཆེན་ཞིག་ཆགས་པར་འབད་བརྩོན་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1