ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཞང་ཀང་ལ་འབྱོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 06-30


        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་29ཉིན་གྱི་ཉིན་གུང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཞང་ཀང་ལ་འབྱོར། ཁོང་ཟླ་7པའི་ཚེས་1ཉིན་འཚོགས་པའི་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་ཡིན་པར་མ་ཟད་ཞང་ཀང་ལ་གཟིགས་ཞིབ་གནང་རྒྱུ་རེད། 

    ཞི་ཅིན་ཕིང་གནམ་གྲུ་ཐང་ལ་འབྱོར་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཐེངས་འདིར་ཞང་ཀང་ལ་ཕེབས་པར་དམིགས་ཡུལ་གསུམ་ཡོད་དེ། སྨོན་འདུན་དང་རྒྱབ་སྐྱོར་མཚོན་པ་དང་མ་འོངས་པར་འཆར་འགོད་བྱེད་པ་བཅས་ཡིན། ཞང་ཀང་གི་ལས་རིགས་སོ་སོ་དང་མཉམ་དུ་ཉམས་མྱོང་ཕྱོགས་བསྡོམས་དང་མ་འོངས་པར་རྒྱང་ལྟ་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”སྲིད་ཇུས་ལ་འགན་སྲུང་བྱ་ངེས་ཞེས་བསྟན།

        ཚེས་29ཉིན་གྱི་ཉིན་གུང་། ཞི་ཅིན་ཕིང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་འགན་འཛིན་པ་ལིའང་ཀྲེན་དབྱིན་ལ་མཇལ་འཕྲད་གནང་བ་དང་། ཕྱིར་དྲོར་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་སྡེ་ཁག་གི་འགན་ཁུར་བར་མཇལ་འཕྲད་གནང་། དེ་མིན་ཞི་ཅིན་ཕིང་ཞང་ཀང་ཞི་ཅིའུ་རིག་གནས་ཁུལ་ལ་ཕེབས་ནས《ཞང་ཀང་གི་ཕོ་བྲང་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གསར་སྐྲུན་མཉམ་ལས་གྲོས་མཐུན།》ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1