༄༅།། མཆིན་ཚད་ཕོག་ཡོད་པའི་སྐྱེས་མར་མངལ་ཆགས་ན་མི་བཟང་།

ལྷ་བྱ་དཀར་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། 07-04


        བུད་མེད་ལ་མངལ་ཆགས་ན་མ་དེའི་ལུས་པོའི་རྙིང་ཚབ་གསར་འབྱེད་ཀྱི་ནུས་པ་ཇེ་ཆེར་སོང་ནས། སྦྲུམ་ཇེ་ཆེར་འགྲོ་བ་དང་བསྟུན་ནས་མཆིན་པར་བཙིར་གནོན་བྱས་ཏེ་མཆིན་པའི་ཁུར་བོ་ཇེ་ཆེར་འགྲོ་བས། མཆིན་པའི་རྒྱུན་ལྡན་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད། 
        མཆིན་ནད་ཅན་གྱི་བུད་མེད་ལ་མངལ་ཆགས་ན་མཆིན་པར་གནོད་པ་སྐྱེལ་སྲིད་པ་དང་། སྦྲུམ་མ་དེ་ཞེན་པ་ལོག་པ་དང་སྐྱུག་བྲོ་བ། ཡི་ག་མེད་པ་སོགས་ནད་རྟགས་ཇེ་ལྕིར་འགྲོ་བ་དང་མཁྲིས་ཆུ་ཇེ་མང་དུ་སོང་ནས་མཆིན་ནུས་ལ་གནོད་འཚེ་སྔར་ལས་ཆེ་བ་རེད། 
        ཤེས་གསལ་ལྟར་དུ་བྱིས་པ་བཙའ་དུས་མ་ལ་ཁྲག་མང་པོ་ཐོན་སྲིད་ཅིང་བུ་སྣོད་ལ་ནད་འགོ་སླ་བ་རེད། ད་དུང་མཆིན་ཚད་ཡོད་པའི་བུད་མེད་ལ་སྦྲུམ་ཆགས་ན་བྱིས་པ་ཤི་བོ་བཙའ་བ་དང་ཟླ་ཁ་མ་ལོན་པར་བཙའ་བ། བྱིས་པར་ནད་འགོས་པ། སྐྱེས་གཟུགས་ཡ་མ་གཟུགས་སྐྱེས་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། ད་དུང་མཆིན་ཚད་ཀྱི་ནད་འབུ་དེ་དག་ཤ་མ་དང་སྐྱེས་ལམ་བརྒྱུད་ནས་མངལ་གནས་ཀྱི་བྱིས་པར་འགོས་ནས་བྱིས་པ་བཙས་མ་ཐག་མཆིན་ཚད་ཕོག་ཡོད་པ་རེད། མའི་ཁོག་ནས་སྐྱེས་དུས་ནས་མཆིན་ནད་འགོས་ཡོད་པའི་བྱིས་པ་དེར་ཡུན་རིང་དུ་སྨན་བཅོས་བྱས་རུང་ཕན་དཀའ་བ་དང་རིམ་གྱིས་མཆིན་པ་མཁྲེགས་པོར་འགྱུར་བའི་ཉེན་ཁའང་ཡོད་པ་རེད།  རྒྱུ་མཚན་དེའི་ཕྱིར་མཆིན་ནད་ཡོད་པ་ཤེས་བཞིན་དུ་མངལ་སྦྲུམ་དུ་བཅུག་ན་མཇུག་འབྲས་དེ་འདྲ་རེད།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1