དཀར་མཛེས་རྫོང་གིས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ནས་ཕྱུག་འགྱུར་གྱི་ལམ་དུ་ཕྱིན་པ།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-04


 
        གནད་སྨིན་དབུལ་སྒྲོལ་མངོན་འགྱུར་ཡོང་ཆེད། དཀར་མཛེས་རྫོང་གིས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པ་བརྒྱུད་ནས་ཐུན་མོང་མ་ཡིན་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཏུ་ཕྱིན་པ་རེད།  ཉེ་ལམ།  རྒྱུས་ལོན་བྱུང་བ་ལྟར་ན། དཀར་མཛེས་རྫོང་གིས་ཞིང་འབྲོག་ཁུལ་གྱི་གནས་ཚུལ་དངོས་ཟུང་འབྲེལ་བྱས་ནས།  ཤུགས་ཆེན་པོས་གྲོང་གསེབ་ཀྱི་ཆེད་ལས་མཉམ་འབྲེལ་རྩ་འཛུགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ་དང་།  གྲོང་པ་42ལ་མ་དངུལ་དམངས་སྒོར་ཁྲི་2658བཏང་ནས་ཁྱད་ལྡན་ཐོན་ལས་ཀྱི་ལས་གཞི་50འབྱེད་པས།  དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་ཐེབས་པ་རེད།  
        རྒྱུས་ལོན་བྱུང་བ་ལྟར་ན།  དཀར་མཛེས་རྫོང་གིས་འདེབས་སླ་བ་འདེབས་པ་དང་གསོ་སླ་བ་གསོ་བ་ཞེས་པའི་ཚད་གཞི་ལྟར།  དབུལ་ཕོངས་གྲོང་སྡེ་རུ་ནས་སོགས་ལས་སྣོན་རིགས་6ལག་བསྟར་བྱས་པ་དང་།  བོད་བྱ་དང་བོད་ཕག   བཞོ་མ་སོགས་གསོ་སྤེལ་ལས་རིགས་29དང་ཞིང་ལས་འཕྲུལ་ཆས་ཞབས་ཞུ་དཔུང་ཁག་2   དེ་མིན་དམངས་ཕན་ཚོང་ཁང་3དང་འདེབས་འཛུགས་ལས་རིགས་10བཅས་འཛུགས་སྐྲུན་བྱས།  མིག་སྔར།  བོད་བྱ་གསོ་སྤེལ་དང་ནས་འདེབས་འཛུགས།  ཞིང་ལས་འཕྲུལ་ཆས་གཉེར་སྐྱོང་གི་ཞབས་ཞུ་དང་བཞོ་མའི་གསོ་སྤེལ།  རི་སྐྱེས་སྲོག་ཆགས་འདེབས་འཛུགས་སོགས་ཀྱི་ལས་གཞི་14ལེགས་འགྲུབ་བྱུང་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1