རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-05


        ཟླ་བདུན་པའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧེ་ནས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་།
        རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་གཏན་འབེབས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ལས་ཁུངས་སོ་སོས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ལས་བྱེད་མི་སྣས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས་གཞིར་བཟུང་སྟེ། 2016ལོའི་ཟླ་དགུ་བ་ནས་2017ལོའི་ཟླ་ལྔ་བའི་བར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་འཇོག་བྱས་པའི་ལས་ཁུངས་སོ་དགུ་དང་འགན་ཁུར་བ་རེ་གཉིས་ཀྱིས་ཁྲིམས་ལྟར་རྩ་ཁྲིམས་ཀྱི་དམ་བཅའ་བཞག 
        སྔ་དྲོའི་དུས་ཚོད་བཅུ་གཅིག་པའི་ཡས་མས་སུ། རྒྱལ་སྲིད་ཨུ་ཡོན་དང་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་དབྱང་ཅིན་གྱིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་མགོ་ཚུགས་པ་ཁྱབ་སྒྲོག་བྱས། མི་སྣ་ཚང་མ་ཡར་ལངས་ཏེ། མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དམ་བཅའ་འཇོག་པར་སྣེ་ཁྲིད་བྱེད་མཁན་གྱིས་ལག་པས་རྩ་ཁྲིམས་སྟེང་བཞག་ནས། དམ་བཅའ་སྒྲོག་འདོན་བྱས་པ་དང་། དམ་བཅའ་འཇོག་མཁན་གཞན་པ་རྣམས་ཀྱིས་ཀྱང་དེའི་རྗེས་འབྲངས་ནས་དམ་བཅའ་སྒྲོག་འདོན་བྱས། 
        དམ་བཅའ་བཞག་ཚར་རྗེས། ལི་ཁེ་ཆང་གིས་ཚང་མས་དམ་བཅའ་དམ་པོར་བཟུང་སྟེ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་། དམངས་ཀྱི་དོན་དུ་འགན་འཁྲི་ལག་བསྟར་བྱེད་པ། སྤྱོད་གཙང་གིས་དམངས་དོན་སྒྲུབ་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་མངག་བཅོལ་ནན་མོ་སྟོང་ཟད་དུ་གཏོང་མི་རུང་བའི་སྐུལ་མ་བཏང་།།
     


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1