ཚན་རིག་པས་རང་ལྗོངས་ཀྱི་སྣོད་བཅུད་འཇིག་རྟེན་ལ་རྟོག་ཞིབ་ཞིབ་ཚགས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 07-10


        ཉེ་དུས།  མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཁག་གཉིས་པ་བྱེད་མཁན་ཏེ།  མཚོ་དང་གཙང་པོའི་ཆུ་འགོའི་སྐྱེ་དངོས་དང་སྣོད་བཅུད་འགྱུར་ལྡོག་རྟོག་ཞིབ་རུ་ཁག་གི་རིགས་གཅིག་མཁས་དབང་ 19བོད་ལྗོངས་ཀྱི་ནག་ཆུ་ས་ཁུལ་དུ་བསྐྱོད་ནས།  སེར་གླིང་མཚོའི་ཁོངས་སུ་སྣེ་གསུམ་པའི་སྲོག་ཆགས་དང་སྐྱེ་དངོས་ལ་རྟོག་ཞིབ་ཞིབ་ཚགས་གནང་བ་རེད། 
        མཚོ་དང་གཙང་པོའི་ཆུ་འགོའི་སྣོད་བཅུད་འགྱུར་ལྡོག་གི་རྟོག་ཞིབ་རུ་ཁག་དེ་འོ་འཐུང་སྲོག་ཆགས་དང་བྱ་རིགས།  ཉ་རིགས།  ལྟོ་བགྲོད་རིགས་ཀྱི་སྲོག་ཆགས།  སྐྱེ་ཁམས་དང་རྩྭ་ཤིང་སོགས་ཞིབ་འཇུག་ཚོགས་ཆུང་ལྔར་བགོས་ནས།  སེར་གླིང་མཚོའི་ཁུལ་གྱི་སྲོག་ཆགས་དང་སྐྱེ་དངོས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་གནང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1