ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 07-10


        ཟླ་བདུན་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ཧན་པའོ་མཐོ་རིམ་གླེང་སྟེགས་མཇུག་བསྡུས་རྗེས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ལ་མཇལ་འཕྲད་གནང་། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་གནང་། 
        ཞི་ཅིན་ཕིང་གིས་ཧེ་ཧུའུ་གཞིས་ཀ་ནས་མཇལ་འཕྲད་བྱུང་ཚུན་ནས། ཕྱོགས་གཉིས་ཀྱི་བྱ་བའི་རུ་ཁག་གིས་རྒྱལ་ཁབ་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་འདུ་ཤེས་ལྟར། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་བཟང་བོར་སྤེལ་ནས་གྲུབ་འབྲས་བཟང་བོ་བླངས། དུས་རིམ་རྗེས་མར། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྟེང་གི་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏང་དགོས་ཞེས་གསུངས། 
        ཐི་ལིང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་བར་བྱ་བའི་འབྲེལ་བ་བཟང་བོ་བཙུགས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། མིག་སྔར། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་། ཀྲུང་གོ་ནི་ཨ་མེ་རི་ཁའི་ཉོ་ཚོང་གྲོགས་པོ་གཙོ་བོ་ཡིན་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་ཤན་ཤུགས་ཆེན་པོ་ཡོད་པའི་རྒྱལ་ཁབ་ཀྱང་ཡིན་པས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་གླེང་མོལ་དང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་སྟེང་ནས་བརྗེ་རེས་མཐུན་སྦྱོར་བྱ་འདོད་ཅེས་གསུངས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1