ཇོ་མོ་གླང་མའི་རྐང་ཐང་ཚོགས་ཆེན་སྐབས་2པ་ཟླ་7ཚེས་29ཉིན་ནས་སྤེལ་འགོ་ཚུགས་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-25


        ཉེ་སྔོན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ཨུ་ཡོན་ལྷན་ཁང་། གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་མི་དམངས་སྲིད་གཞུང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་2017ལོའི་ཇོ་མོ་གླང་མའི་རྐང་ཐང་ཚོགས་ཆེན་སྐབས་གཉིས་པ་དང་ཧི་མ་ལ་ཡའི་རྐང་ཐང་བར་བརྒལ་ཚོགས་ཆེན་སྐབས་གཉིས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། སྐབས་འདིའི་རྐང་ཐང་ཚོགས་ཆེན་གྱི་ལམ་ཐིག་ནི་ཇོ་རིའི་རི་ལྡེབས་ཤར་མའི་ཀརྨ་རོང་དུ་ཡིན་ལ། དེ་ནི་ཇོ་རི་རྒྱལ་ཁབ་སྤྱི་གླིང་ས་ཁུལ་གྱི་རྐང་ཐང་ལམ་ཐིག་རྩེ་གྲས་ཤིག་རེད། དུས་མཚུངས་སུ་བྱེད་སྒོ་སྤེལ་བའི་ལས་ཁུངས་ཀྱིས་ད་དུང་འགྲན་ཞུགས་རུ་མི་ཡོངས་ལ་ཁོར་ཡུག་སྲུང་སྐྱོང་ཁུག་མ་རེ་སྤྲད་དེ་རུ་སྣེ་ཁྲིད་མཁན་གྱིས་ཚང་མའི་སྣེ་ཁྲིད་དེ་གད་སྙིགས་འཚོལ་སྡུད་དང་ལྟ་སྐུལ་བྱས་ཏེ་རི་ཁྲོད་དུ་གད་སྙིགས་གང་ཡང་མི་འཇོག་པ་བྱེད་རྒྱུ་རེད།
        ཤེས་རྟོགས་བྱུང་གསལ་དུ། སྐབས་འདིའི་རྐང་ཐང་བྱེད་སྒོའི་ལམ་ཐིག་ནི་ཇོ་རི་རྒྱལ་ཁབ་སྤྱི་གླིང་ས་ཁུལ་གྱི་རྐང་ཐང་ལམ་ཐིག་རྩེ་གྲས་ཏེ་ཇོ་རིའི་རི་ལྡེབས་ཤར་མ་ཀརྨ་རོང་དུ་གནས་ཡོད་ལ། ཇོ་མོ་གླང་མའི་རྐང་ཐང་ཚོགས་ཆེན་སྐབས་གཉིས་པ་དང་ཧི་མ་ལ་ཡའི་རྐང་ཐང་བར་བརྒལ་ཚོགས་ཆེན་སྐབས་གཉིས་པ་ཟླ་7ཚེས་29ཉིན་ནས་ཟླ་8ཚེས་5ཉིན་བར་སྤེལ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1