བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར་90ལོན་པའི་དམག་གཟིགས་ཆེན་མོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-31


    སྤྱི་ཟླ་7པའི་ཚེས་30ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོ་ཀྲུའོ་རིའུ་ཧེ་སྦྱོང་བརྡར་རྟེན་གཞི་ནས་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་ལ་གཟིགས་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཆེས་ཐོག་མར་དམག་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་བརྗོད་དོན་བྱས་པའི་དམག་གཟིགས་མཛད་སྒོ་ཆེན་པོ་ཞིག་ཡིན་ལ། གཟིགས་ཞིབ་དང་ལེན་བྱས་པའི་དཔོན་དམག་བྱེ་ཐང་དུ་གྲལ་སྒྲིག་སྟེ་འཐབ་འཛིང་གི་ཉམས་ཀྱིས་ཏང་དང་མི་དམངས་ཀྱི་གཟིགས་ཞིབ་དང་ལེན་བྱས།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1