ཞིང་བས་མཚན་མོའི་སློབ་གྲྭ་འགྲིམས་ནས་དབུལ་ཐར་ལ་འབད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 08-03


        ཉེ་བའི་ལོ་འགའི་རིང་དུ། རྒྱུན་ལུགས་གསར་བའི་འོག་ཏུ་ཞིང་བའི་གསོ་སྦྱོང་གི་དཀའ་ཁག་ཆེ་ས་དེ་རྩ་འཛུགས་བྱེད་རྒྱུ་དང་ཞིང་བའི་བྱང་ཚད་མཐོར་འདེགས་སུ་གཏོང་མི་ཐུབ་པའི་“དཀའ་ཁག་གཉིས་ཀྱི”གནད་དོན་གོམ་གང་མདུན་སྤོས་སྒོས་སྒྲོལ་བའི་ཆེད་དུ། རྔ་བ་ཁུལ་གྱི་ས་གནས་སོ་སོའི་དབུལ་བྲལ་གནད་འཁེལ་དང་དབུལ་སྐྱོར་གནད་འཁེལ་ལ་རོགས་སྐྱོར་བྱེད་པའི་ཞིང་བའི་མཚན་མོ་སློབ་གྲྭར་འགྲིམ་པའི་མགོ་བརྩམས་བྱུང་། ལིས་རྫོང་ཕུ་འདུ་ཡུལ་ཚོ་ཁ་སྦྲུལ་མོ་ཀྱོ་སྡེ་བའི་ཞིང་བ་རྣམས་ཀྱིས་མཚན་མོའི་སློབ་གྲྭ་འགྲིམ་པ་ནི་དེའི་ནང་གི་གཅིག་ཡིན། སློབ་ན་སྦྱང་འབྲས་བཟང་བ་དང་སྦྱངས་ན་ཕན་ཐོགས་པའི་ཆེད་དུ། ཁ་སྦྲུལ་མོ་ཀྱོ་སྡེ་བའི་སྡེ་དམངས་ཀྱི་མཚན་མོ་སློབ་གྲྭས“ཞིང་བའི་མཚན་མོ་སློབ་གྲྭ་དང་རྩལ་ནུས་གསོ་སྦྱོང”བཅས་ཀྱིས་བྱེད་ཐབས་བཀོལ་ནས།མི་དང་བསྟུན་ནས་སློབ་གསོ་མྱོང་བ།དགོས་མཁོ་དང་བསྟུན་ནས་སློབ་གསོ་མྱོང་བ།ས་གནས་དང་བསྟུན་ནས་སློབ་གསོ་མྱོང་བ་བཅས་ལས། ཞིང་ལས་གསོ་སྦྱོང་གི་ཕན་འབྲས་མཐོར་འདེགས་སུ་གཏོང་བའི་ཆེད་དུ། ད་རུང་སློབ་གསོའི་རྣམ་པ་གསར་བ་ཤུགས་ཆེན་སྒོས་གསར་བཏོད་བྱས་ཡོད། “གཏན་འཇགས་སློབ་ཐུན་དང་། སྐོར་སྐྱོད་སློབ་ཐུན། རྒྱང་བསྐྱོད་སློབ་ཐུན། སྐད་འཕྲིན་སློབ་ཐུན”བཅས་བརྒྱུད་ནས། ཞིང་བའི་མཚན་མོའི་སློབ་གྲྭའི་སློབ་གསོའི་མངའ་ཁོངས་རྒྱ་བསྐྱེད་དེ། མང་ཚོགས་ཀྱི་སློབ་སྦྱོང་གི་དགོས་མཁོ་བསྐངས་བ་རེད།
        ཁ་སྦྲུལ་མོ་ཀྱོ་སྡེ་བའི་ཞིང་བའི་མཚན་མོ་སློབ་གྲྭ་ནི་རྔ་བ་ཁུལ་གྱི་ཞིང་བ་མང་པོའི་མཚན་མོའི་སློབ་གྲྭ་ཞིག་ཡིན་ལ། རང་ཁུལ་ནས། ཞིང་བའི་མཚན་མོའི་སློབ་གྲྭ་དེ་ཞིང་བའི་མུ་མཐུད་དུ་སློབ་གསོ་བྱེད་པའི་རྒྱུན་ལུགས་གསར་བ་ཞིག་ཏུ་གྱུར་ཡོད། སྡེ་དམངས་ཀྱི་ཏང་དང་སྲིད་གཞུང་གི་བྱེད་ཕྱོགས། སྲིད་ཇུས་ལ་རྒྱུས་ལོན་བྱེད་པའི་དུས་མཚུངས་སུ་ཕྱུག་འགྱུར་གྱི་རྩལ་ནུས་རྒྱུན་མཐུད་དུ་མཐོར་འདེགས་སུ་བཏང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་བགྲོད་ལམ་སྟེང་དུ། ཞིང་བའི་མཚན་མོའི་སློབ་གྲྭ་དེ་དབུལ་ཕོངས་མང་ཚོགས་ཀྱི་དབུལ་བྲལ་ཕྱུག་འགྱུར་གྱི་བགྲོད་ལམ་གལ་ཆེན་དུ་གྱུར་ཡོད་པ་རེད།།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1