སྡེ་དགེ་རྫོང་གིས་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་གྱི་རིན་ཐང་མཐོར་འདེགས་སུ་བཏང་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-07


        སྡེ་དགེ་རྫོང་གིས་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་སྔོག་འདོན་དང་བསྡུ་སྒྲིག   གསར་སྤེལ་དང་གསར་གཏོད་ལ་འབད་པ་དང་།  མུ་མཐུད་དུ་མི་རིགས་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་རྣམ་གྲངས་གསོག་འཇོག་དང་སྙན་ཞུ།  རྗེས་འདེད་མཐུད་འབྲེལ་སོགས་ལ་ཤུགས་སྣོན་བྱས་ཏེ།  ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་བཟོ་རྩལ་བ་ཆེན་མོ་ལ་ཧུར་ཐག་གིས་སྙན་ཞུ་ཕུལ་བ་དང་།  མི་རིགས་ཀྱི་བཟོ་རྩལ་དང་མཛེས་རྩལ་གྱི་གསོ་སྐྱོང་འཛིན་གྲྭ་བཙུགས་པ།  ཧུར་བརྩོན་ཆེན་པོས་མི་རིགས་ཀྱི་བཟོ་རྩལ་དང་མཛེས་རྩལ་གྱི་རྒྱུན་འཛིན་པ་གསོ་སྐྱོང་བྱས།  དེ་དུས་མཚུངས་སུ།  ཐོན་རྫས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་དྲིལ་བསྒྲགས་ལ་ཤུགས་སྣོན་བྱེད་པ།  མི་རིགས་རིག་གནས་ཀྱི་རྒྱུ་ཆ་མི་རིགས་བཟོ་རྩལ་དང་མཛེས་རྩལ་གྱི་ཚོང་རྫས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་།  མིག་སྔའི་བར། མི་རིགས་ཀྱི་དམངས་ཁྲོད་བཟོ་རྩལ་རིགས་15(ལས་ར་40དང་འཛིན་གྲྭ་27ཙམ།)འཕེལ་རྒྱས་བཏང་པ་དང་།    ཐང་ག་དང་རྫ་བཟོ།  མགར་བ་དང་བོད་ཤོག   པར་རྐོར་བ་སོགས་ཀྱི་རྒྱུན་འཛིན་པ་མི་གྲངས་1000ལྷག་གསོ་སྐྱོང་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1