རྒྱང་སྐྱོད་ཐང་ག་བལྟས་པ་དང་། དམར་དམག་གི་གཏམ་ རྒྱུད་བཤད་པའི་སྤྱི་ཕན་བྱ་སྒོ་ཁྲེང་ཏུའུ་རུ་སྤེལ་བ།

ཕུན་ཚོགས་བཀྲ་ཤིས་ཀྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-07


    ཟླ༩པའི་ཚེས༦ཉིན་གྱི་སྔ་དྲོར། “འདི་ག་ནི་དམག་དམར་སྐྱོད་མྱོང་བའི་ས་ཆ་ཡིན་”དང་རྒྱང་སྐྱོད་ཐང་ག་བལྟས་པ་དང་། དམར་དམག་གི་གཏམ་རྒྱུད་བཤད་པའི་སྤྱི་ཕན་བྱ་སྒོ་ཆེ་གྲས་དེ་ཁྲེང་ཏུའུ་རུ་སྤེལ་བ་རེད།

¤ སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་སོགས་་འགོ་ཁྲིད་རྣམ་པས་དམར་པོའི་ཐང་ག་གཟིགས་པ།

    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་དང་། ཞིང་ཆེན་མི་རིགས་དང་ཆོས་ལུགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧོ་ཞའོ་ཕིང་། སྐད་གྲགས་ཅན་གྱི་བོད་རིག་པ་མཁས་ཅན་འཇམ་དཔལ་རྒྱ་མཚོ། ཁམས་པའི་བརྙན་འཕྲིན་ཁང་གི་འགན་འཁུར་པ་བཅས་བྱེད་སྒོའི་ནང་ཞུགས་པར་མ་ཟད། གསུང་བཤད་ཀྱང་གནང་བ་རེད།

¤ ཅང་ཞི་ཞིང་ཆེན་རུའེ་ཞིན་དུ་དམར་པོའི་ཐང་ག་འགྲེན་སྟོན་བྱེད་པའི་མཛད་སྒོ་སྤེལ་བ།

    ༢༠༡༦ལོ་ནི་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་དྲན་གསོ་ཞུ་བའི་ལོ་འཁོར་ཞིག་ཡིན་ཞིང་། གསར་བརྗེའི་ལོ་རྒྱུས་དོན་ཆེན་གལ་ཆེན་དེར་དྲན་གསོ་བྱེད་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་། ཅང་ཞི་ཞིང་ཆེན་རུའེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་། རིག་གནས་པུའུ་ཡི་ཀྲུང་གོ་ཧྭ་ཞྭ་རིག་གནས་ཤུལ་བཞག་ཐེབས་རྩ་ཚོགས་པ། ཀྲུང་གོའི་ཐང་ག་རིག་གནས་ཞིབ་འཇུག་ལྟེ་གནས། ཁམས་པའི་བརྙན་འཕྲིན་ཁང་སོགས་སྡེ་ཚན་གྱིས་མཉམ་འབྲེལ་བྱས་ནས “དམར་དམག་རྒྱང་སྐྱོད་ཀྱི་ཐང་ག”འགྲེན་སྟོན་དང་། “རྒྱང་སྐྱོད་ཐང་ག་བལྟས་པ་དང་། དམར་དམག་གི་གཏམ་རྒྱུད་བཤད་པའི”འཆད་ཁྲིད་རབ་དང་རིམ་པ། རྒྱང་སྐྱོད་ལམ་བུ་བཙལ་བ། དཔེ་ཆ་དང་རི་མོ་གནང་བའི་བྱེད་སྒོ་སོགས་སྤེལ་བ་རེད། འགྲེམ་སྟོན་བྱ་སྒོ་དེ་དཀར་མཛེས་ཁུལ་དང་རྔ་བ་ཁུལ་གཉིས་སུ་སྤེལ་བར་བརྟེན། རྒྱ་ཆེའི་མང་ཚོགས་ཚོར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་པ་དང་། འགྲེན་སྟོན་བྱེད་པའི་ས་ཁུལ་གྱི་མང་ཚོགས་ཚོས་བཤད་རྒྱུར། དམར་དམག་གི་རྒྱང་སྐྱོད་མེད་ན་ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཀྱི་མ་རེད། ང་ཚོས་དེ་འདྲ་སྐྱིད་པོའི་འཚོ་བ་རོལ་པར་དུས་ནམ་ཡང་དམར་དམག་གིས་རྒྱང་སྐྱོད་བྱེད་པར་སྤྱི་ཚོགས་གསར་པ་འཛུགས་པའི་ལོ་རྒྱུས་བརྗེད་མི་རུང་ཞེས་བཤད་པ་རེད།

¤ མཁས་དབང་འཇམ་དཔལ་རྒྱ་མཚོ་ཡིས་སློབ་ཕྲུག་ཚོར་དམར་པོའི་ཐང་ག་འགྲེལ་བཤད་བྱས་པ།

    ཆེད་ལས་མཁས་ཅན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐང་ག་ནི་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་རིག་གནས་ཤིག་ཡིན་པ་དང་དེའི་མཚོན་བྱེད་ཧ་ཅང་རྒྱ་ཁྱབ་ཆེ་བས། ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཡིན་ཞིང་། ཆོས་ཕྱོགས་ཐད་ཀྱི་ནང་དོན་ཕུད་ཁར། ད་རུང་ལོ་རྒྱུས་དང་དམངས་གཤིས་ཡུལ་སྲོལ་ལ་སོགས་པ་འདུས་ཤིང་། ཀྲུང་གོ་གསར་པ་བཙུགས་པ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱིས་ཐང་ག་སྒྱུ་རྩལ་གྱི་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་མཐོང་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ཐང་ག་སྒྱུ་རྩལ་དེ་དངོས་མིན་གྱི་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཞག་པ་རེད། ཐང་ག་༢༠འགྲེམ་སྟོན་བྱས་པ་དེ་ནི་དམར་དམག་     རྒྱང་སྐྱོད་ཁྲོད་གལ་ཆེའི་ལོ་རྒྱུས་དོན་ཆེན་ཞིག་དང་བོད་རིགས་མི་དམངས་ཀྱིས་དམར་དམག་ལ་སྤྲོ་སེམས་འཁོལ་བའི་རྒྱབ་སྐྱོར་དང་བོད་རྒྱ་སྤུན་ཟླ་མི་རིགས་ཀྱི་མཛའ་བརྩེ་མཚོན་ཡོད་པས། འདི་ནི་སྒྱུ་རྩལ་གྱི་ཐོག་ནས་རྒྱང་སྐྱོད་སྙིང་སྟོབས་དང་མི་རིགས་ཀྱི་རིག་གནས་མཚོན་ཡོད་དོ།

¤ འགྲེམ་སྟོན་བྱེད་ཁུལ་དུ་བོད་རིགས་མང་ཚོགས་ཀྱིས་དམར་པོའི་ཐང་ག་སྐྱར་པར་རྒྱག་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1