ཡུལ་གྱར་དམར་དམག་རྒན་པ་ལི་ཧྥུང་མིང་གི་གཏམ་རྒྱུད།

ཕུན་ཚོགས་བཀྲ་ཤིས་ཀྱིས་སྒྲིག་སྒྱུར་བྱས། དབྱང་ཞའོ་ཁང་གིས་པར་བླངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-07


    དམར་དམག་རྒན་པ་ལི་ཧྥུང་མིང་ནི༡༩༢༣ལོར་སི་ཁྲོན་ཞིང་ཆེན་ཁྲང་ཞི་རྫོང་ཧོའེ་ཧྲུའུ་པ(དེང་སང་ལུའུ་ཧོའེ་ཤང)ཡི་མི་ཡིན་པ་རེད། ལི་ཧྥུང་མིང་ནི་བྲག་འགོ་རྫོང་ཡུལ་གྱར་དམར་དམག་ཆིག་སྟོང་ལྷག་ཙམ་ནང་གི་ད་ལྟར་འཚོ་བཞུགས་བྱེད་ཡོད་པའི་དམར་དམག་འཐབ་འཛིང་པ་རྒན་པ་ཁེར་རྐྱང་ཞིག་ཡིན་པར་མ་ཟད། དཀར་མཛེས་ཁུལ་ནས་བཤད་ན་འཚོ་བཞུགས་ཡོད་པའི་དམར་དམག་རྒན་པ་གཅིག་མ་གཏོགས་མེད་པ་རེད།

¤ དམར་དམག་རྒན་པ་ལི་ཧྥུང་མིང་།

    ༡༩༣༣ལོའི་ཟླ༦པར། གྲུ་ལས་སྐྱེལ་འདྲེན་བྱས་ནས་འཚོ་གནས་བྱེད་པའི་ལི་ཧྥུང་མིང་ཁྱིམ་མི་བཞི་ཡིས་མགྲོན་པ་ཕར་སྐྱེལ་ཚུར་བསུ་བྱེད་པའི་ལས་གཉེར་བྱས་པས། དེའི་སྐབས་སུ་ལང་ཀྲུང་དུ་བཅའ་སྡོད་བྱེད་པའི་གོ་མིང་ཏང་གི་དམག་དཔུང་གིས་དམར་དམག་འགོག་པའི་ཆེད་དུ་ཅ་ལིན་ཆུ་བོའི་ཐོག་གི་གྲུ་ཚང་མ་བཙན་འཕྲོག་པ་བྱས་ཏེ་ལི་ཧྥུང་མིང་ཚང་གིས་ལས་གཉེར་བྱེད་བཞིན་པའི་གྲུ་ཡང་བཙན་འཕྲོག་བྱས་པ་རེད། ༡༩༣༥ལོའི་ཟླ༣པར། དམར་དམག་གིས་ཅ་ལིན་ཆུ་བོ་དྲག་བརྒལ་བྱས་པས་གོ་མིང་ཏང་དམག་དཔུང་ཕམ་པར་གྱུར་ནས་ལང་ཀྲུང་གྲོང་ཁྱེར་བཟུང་བ་རེད། ལི་ཧྥུང་མིང་ཁྱིམ་ཚང་ཡོངས་དམར་དམག་ཁག་བཞི་པར་ཞུགས་པ་དང་། དེའི་སྐབས་སུ་ལི་ཧྥུང་མིང་ལོ་ན༡༣ལས་སོན་པ་མེད། ཁོང་གི་ཕུ་བོ་ལི་ཧྥུང་ཅུན་ལོ་ན༡༥ཡིན་ཞིང་། ཁོང་ཚོའི་ཁྱིམ་ཚང་ཡོངས་ཀྱིས་ལང་ཀྲུང་ནས་དམར་དམག་དང་མཉམ་པོར་རྒྱང་སྐྱོད་བྱེད་འགོ་བརྩམས།

¤ དམར་དམག་རྒན་པ་ལི་ཧྥུང་མིང་གིས་སློབ་ཕྲུག་ཚོར་དམར་དམག་གི་གཏམ་རྒྱུད་བཤད་པ།

    ༡༩༣༦ལོའི་ཟླ༣པར། དམར་དམག་ཏང་ལི་རི་བོ་བརྒལ་ནས་རྟའུ་བརྒྱུད་ནས་བྲག་འགོ་རྫོང་གི་ཤྭ་ར་ཐང་དུ་སླེབས། ལི་ཧྥུང་མིང་ཁྱིམ་ཚང་ཡོངས་ཤྭ་ར་ཐང་དུ་ཁྱིམ་གཞིས་ཆགས་པ་མ་ཟད། གྲུ་ལས་བཟོ་བྱེད་པའི་ལས་འགན་འཁུར་བར་བརྟེན། དམར་དམག་ཚོས་ཆུ་བོ་ཐོག་ཕར་འགྲོ་ཚུར་འོང་གི་སྐྱེལ་འདྲེན་བྱས་པ་རེད། ལོ་དེའི་ཟླ༦པར་དམར་དམག་བྱང་རྒྱུད་དུ་སྐྱོད་པ་དང་རྒྱང་སྐྱོད་ཀྱི་གནས་བབ་ལ་གཞི་བཟུང་ནས་དེའི་དུས་སུ་ལི་ཧྥུང་མིང་གི་མ་རྒན་རྐང་པ་ལ་རྨས་སྐྱོན་ཐེབས་པས་འགྲོ་སྡོད་སྟབས་མི་བདེ་བའི་དབང་གིས་ཁྱིམ་མི་ཡོངས་ཀྱི་ཤྭ་ར་ཐང་དུ་གནས་གཞིས་ཆགས་ནས་མུ་འཐུད་དུ་གྲུ་ཁའི་ལས་གཉེར་བྱེད་ནས་འཚོ་གནས་བྱས། ༡༩༥༩ལོར། བྲག་འགོ་རྫོང་ཁྲོམ་ལམ་རྙིང་པ་དང་ཤྭ་ར་ཐང་དུས་མཉམ་དུ་རྫོང་ཡོངས་ཀྱི་ཚོ་དང་པོའི་མཐོ་རིམ་མཉམ་ལས་ཁང་བཙུགས་ནས་ལི་ཧྥུང་མིང་ཁྱིམ་མི་ཡོངས་མཐོ་རིམ་མཉམ་ཁང་དུ་ཞུགས་པ་དང་ཤྭ་ར་ཐང་གི་མཉམ་ལས་ཁང་ཚོ་དང་པོའི་ནང་མི་ཞིག་ཏུ་ཆགས་པ་རེད།

¤ དམར་དམག་རྒན་པ་ལི་ཧྥུང་མིང་གིས་དམར་དམག་ལ་ཞུགས་པའི་གནས་ཚུལ་གླེང་བ།

    རྒྱང་སྐྱོད་བྱས་པའི་དབང་གིས་ལི་ཧྥུང་མིང་ནང་ས་ནས་བོད་ཁུལ་དུ་གཞིས་ཆགས་བྱས་པའི་བོད་རིགས་མི་རྒན་ཞིག་གྱུར་ཡོད་ཅིང་། དེང་སང་མི་རྒན་ལོ་ན་མཐོ་ཞིང་། ད་རུང་རང་ཉིད་ཀྱིས་རྒྱང་སྐྱོད་བྱེད་པའི་སྙིང་སྟོབས་ཐོག་ནས་དམར་དམག་གི་གཏམ་རྒྱུད་རྒྱུན་དུ་དེང་སང་ཡར་ཐོན་པར་ལབ་ཀྱི་ཡོད་པ་རེད།

¤ དམར་དམག་རྒན་པ་ལི་ཧྥུང་མིང་གིས་གསར་འགྱུར་སྡེ་ཚན་གྱི་བཅར་འདྲི་དང་ལེན་བྱེད་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1