སྙན་རྩོམ་འགའ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09


   རང་རང་ལ་ནུས་པ་རེ་ཡོད།
   རི་དྭགས་ཁང་དུ་རྔེའུ་ཕྲུག་གིས“ཨ་མ་ལགས། ང་ཚོའི་རྫི་མ་རིང་བའི་རྒྱུ་མཚན་ཅི་ཡིན།”
   “བྱེ་རླུང་གཡུག་དུས། རྫི་མ་རིང་ན་རླུང་འཚུབ་ཁྲོད་ཁ་ཕྱོགས་མི་ནོར་བར་མཐོང་ཐུབ།”
   “ཨ་མ་ལགས། ང་ཚོའི་སྒལ་གཞུང་འབུར་བ་འདི་ངོ་མའི་མི་མཛེས་པ་ཞིག་རེད།”
   རྔ་མོང་ཨ་མས“འདི་ལ་རྔ་མོང་གི་ཤ་ཙོག་ཟེར། ནང་དུ་འཚོ་བཅུད་དང་ཆུ་གསོག་ཐུབ། ང་ཚོར་ཉིན་བཅུ་ལྷག་ལ་ཆུ་དང་ཟས་ཟ་རྒྱུ་མེད་ཀྱང་འཚོ་ཐུབ།”
   “འོ་ན། ང་ཚོའི་རྐང་ལག་གི་ངོས་འདི་འདྲ་ཆེ་དོན་ཅི།”
   “ལུས་པོ་ལྗིད་མོ་དེ་བྱེ་མའི་ནང་དུ་མི་ནུབ་པའི་ཆེད་ཡིན།”
   རྔེའུ་ཕྲུག་དགའ་ནས“ཨོ་ཤེས་སོང་། ང་ཚོ་འདི་འདྲའི་རྩ་ཆེ་བ་ལ་ཨང་། ཡིན་ནའང་། ང་ཚོ་རྒྱང་རིང་བྱེ་ཐང་དུ་མི་འགྲོ་བར་ད་དུང་རི་དྭགས་གླིང་ཀར་བསྡད་ནས་ཅི་བྱ”ཟེར།


   མཉམ་དུ་ཆུ་ལ་ལྕེབས།

   དགུང་མོ་ཞིག་ལ། སྐྱེས་པ་དེ་ཟམ་ཆེན་ཞིག་ཡོད་པ་དེར་བརྒྱུད་སྐབས། སྐྱེས་པ་གཞན་ཞིག་ཟམ་པའི་ལན་ཀན་སྟེང་འགྲེང་སྟེ། ཆུ་ལ་ལྕེབས་གྲབས་བྱེད་ཀྱིན་ཡོད། ཁོ་མྱུར་དུ་སོང་ནས་སྐད་ཆེན་པོས“སྡོད་དང་། མ་མཆོངས་རོགས། འདིར་ཤོག་དང་མཉམ་དུ་ཆང་ཞིག་བཏུང་། དོན་དག་ཅི་ཡོད་ན་དལ་མོར་ཁ་བརྡ་བྱས་ཆོག”ཅེས་བཤད།
   ཁོ་གཉིས་ཆང་ཁང་ཞིག་ཏུ་ཆུ་ཚོད་གཅིག་ཙམ་ལ་རྒྱལ་ཁབ་ཕྱི་ནང་དང་། དངོས་གོང་། ཁྱིམ་བཟའ་ཟླ། ད་དུང་མི་ཚེ་སོགས་ཁ་བརྡ་བྱས།
   ལམ་དེ་བརྒྱུད་ནས་འགྲོ་མཁན་སྐྱེས་པ་དེས་ལྕེབས་གྲབས་བྱེད་པའི་སྐྱེས་པ་དེ་འགོག་མ་ཐུབ་པར་མ་ཟད། ད་དུང་རང་ཉིད་ཀྱང་ཡིད་ཆད་ནས་མཉམ་དུ་ཆུ་ལ་ལྕེབས་སོ། །


   རྗེས་སུ་ལུས་པ།

   དགེ་རྒན།“ཁྱོད་དེ་རིང་ཅིའི་ཕྱིར་རྗེས་སུ་ལུས་པ་ཡིན།”
   སློབ་མ།“རྒྱུ་མཚན་ནི་ཁ་སང་དུས་ལྟར་སློབ་གྲྭར་འབྱོར།”
   དགེ་རྒན།“ཅི་ཟེར། འདི་རྗེས་སུ་ལུས་པའི་རྒྱུ་མཚན་ཨེ་རེད།”
   སློབ་མ།“རེད་ཡ། ཁྱེད་ཀྱིས་ཁ་སང‘ཁྱོད་ཉིན་རྒྱུན་རྗེས་སུ་ལུས་བཞིན་ཡོད། དེ་མི་ཆོག’ཟེར་བས་ཉིན་གཉིས་ནང་ཐེངས་གཅིག་རྗེས་སུ་ལུས་པར་བྱས།”ཟེར།

   སུན་མེད་ངང་རིང་ཞིག་མིན།
   ཉ་འཛིན་མཁན།“ཁྱོད་ཀྱིས་འདི་ནས་ཆུ་ཚོད་གསུམ་ལ་བལྟས། དེ་བས་རང་གིས་ཚོད་ལྟ་བྱས་ན་མི་ལེགས་སམ།”
   ལྟད་མོ་པ།“ང་ནི་དེ་ལྟ་བུའི་སུན་མེད་ངང་རིང་ཞིག་མིན།”

   རིག་པས་སྐྲོད་པ།
   ཀུང་ཟི་ཞིག་བཙུགས་མ་ཐག རྩིས་གཉེར་པ་འགའ་བསྡུ་ལེན་བྱེད་པའི་བརྡ་སྦྱོར་སྤེལ། ཉིན་དེར་ཁོ་རང་རྩིས་ལ་མཁས་ཟེར་བ་ཞིག་སླེབས་བྱུང་། ཡིན་ནའང་རྩིས་གཉེར་ཕྱོགས་ནས་ཅི་ཡང་མི་ཤེས།
   ཀུང་ཟིའི་སྦྱིན་བདག་མ་དགའ་བར“ཁྱོད་ཀྱིས་རྩིས་གཉེར་གྱི་སྐོར་ཅི་ཡང་མི་ཤེས། འོན་ཀྱང་གདམ་བསྐོ་ལ་ཞུགས་པའི་རྒྱུ་མཚན་ཅི་ཡིན།”ཟེར།
   “ངས་བལྟས་ན།”མི་དེས་གདོང་མདོག་མི་འགྱུར་བར།“ངས་ཕལ་ཆེར་ཐབས་ཇུས་རེ་འདོན་པའི་ལས་ཀ་བསྒྲུབ་ཐུབ་ན་བསམ།”ཟེར།

   སྦྱིན་བདག་གིས་མྱུར་དུ“དེས་ན་ཆོག་གི ཁྱོད་ཀྱིས་ང་ལ་ཐབས་ཤིག་ཤོད་དང་། ཁྱོད་རང་འདི་ནས་ཇི་ལྟར་བསྐྲད་ན་བཟང་།”ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1