ངས་གཞི་ནས་ཁྱེད་ལ་སྙན་ངག་ཅིག་བྲིས།

ལ་གཞས། (དཀར་མཛེས།) རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-11


ངས་ཁྱེད་ལ་གཞི་ནས་སྙན་ངག་ཅིག་བྲིས།
ཁངས་ཆེན་དང་ཟླ་འོད་འགྲམ་ནས
མཚན་མོའི་པང་ཁུག་ཏུ་གཉིད་མི་དུབ་དུས།
ངས་ཁྱེད་ལ་གཞི་ནས་སྙན་ངག་ཅིག་བྲིས།
ཆག་གྲུམ་ཤོར་བའི་ཤེལ་འོད་འོག
ཁྱེད་རང་ལན་གཅིག་མཇལ་བ་ནི།
དབྱིབས་ཟླུམ་པོ་ཅན་གྱི་མཚན་མོ་ཞིག་གི་ཀློང་ནས།
འཆི་མའི་སྐྱོ་ངལ་མཆི་མ་རྡོག་པོ་རེ་རེའི་ནང་ལ་འབྱར་བ་དང་འདྲ།
རྩག་རླུང་དང་སྡུག་ཡུས་ཀྱིས་མནན་པའི་མཚན་མོའི་ནང་།
སུ་ཞིག་གིས་ཁོ་མོར་ལམ་བུ་གཞན་ཞིག་བཙལ།
སུ་ཞིག་གིས་ཁོ་མོར་རྨི་ལམ་གཞན་ཞིག་བཙལ།
ངས་ཁྱེད་ལ་གཞི་ནས་སྙན་ངག་ཅིག་བྲིས།
གངས་རི་དང་གཙང་པོའི་འགྲམ་ནས།
མེ་ཏོག་ཆག་པ་གང་འཐུ་བའི་དབྱར་ཁ་དྲན་དུས།
ངས་ཁྱེད་ལ་གཞི་ནས་སྙན་ངག་ཅིག་བྲིས།
དགུན་ཁའི་རྩག་རླུང་ཁར་མི་རབས་ཤིག་གི།
བུད་མེད་ཐམས་ཅད་སྤུངས་བ་དེ་ཅི།
མཚན་མོ་སྟོང་ཕྲག་ལས་རིང་བའི་མུན་ནག་འདི།
སུའི་མགོ་ཐོག་ལ་ལྷུང་ཡོད།
སུ་ཞིག་གིས་ཁོ་མོར་ལམ་བུ་གཞན་ཞིག་བཙལ།
སུ་ཞིག་གིས་ཁོ་མོར་རྨི་ལམ་གཞན་ཞིག་བསྐྲུན།
ངས་གཞི་ནས་ཁྱེད་ལ་སྙན་ངག་ཅིག་བྲིས།
དྲན་པ་དཀྲོལ་བའི་ཉིན་མོ་འདིའི་མཚམས་ནས།
སྤོས་ལྡན་གྲོང་ཁྱེར་གྱི་ཆར་བ་དང་ཉིད་འོད་ཀྱིས་བྲན་དུས།
ངས་གཞི་ནས་སྙན་ངག་ཅིག་བྲིས།
ལག་པས་སྙོབ་སའི་སྟོང་གསུམ་གྱི་མཁའ་ལ།
མཐོ་སྒང་གི་གྲིབ་མ་ཆེན་པོ་དེ།
གཟུགས་མཛེས་པོ།
སྙིང་རྗེ་བོ།

ཡིད་དགའ་བའོ།།


རྩོམ་ཡིག་སྔོན་མ།
ཕ་ས་ཕ་ཡུལ། ཕ་ས་ཕ་ཡུལ།
རྩོམ་ཡིག་རྗེས་མ།
མུན་ནག་གི་ཕ་རོལ་ན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1