སྐབས་བཅུ་གཅིག་པའི་གེ་སར་རྟ་རྒྱུག་དུས་ཆེན་ཀན་ལྷོ་རྨ་ཆུ་ནས་སྤེལ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-14


        སྤྱི་ཟླ་8པའི་ཚེས་13ཉིན། སྐབས་བཅུ་གཅིག་པའི་གེ་སར་རྟ་རྒྱུག་དུས་ཆེན་ཀན་ལྷོ་རྨ་ཆུ་ནས་སྤེལ་འགོ་ཚུགས།  2012ལོར་རྒྱལ་ཁབ་ལུས་རྩལ་ཅུས་ཀྱིས་རྨ་ཆུ་ལ་རྟ་རྒྱུག་གི་ཕ་ས་ཅེས་པའི་མིང་བཏགས་ཤིང་། ཉེ་བའི་ལོ་ཤས་རིང་། གེ་སར་རྟ་རྒྱུག་དུས་ཆེན་གྱི་ཤུགས་རྐྱེན་ཆེ་རུ་ཕྱིན་ནས་ཀྲུང་གོའི་ནུབ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གྱི་ལུས་རྩལ་གྱི་གསོལ་སྟོན་ཆེན་པོ་ཞིག་དང་མིང་དུ་གྲགས་པའི་ཡུལ་སྐོར་རིག་གནས་ཀྱི་རྟགས་མཚོན་ཞིག་ཏུ་གྱུར་བ་རེད། ཐེངས་འདིའི་རྟ་རྒྱུག་དུས་ཆེན་དུས་ཡུན་ཉིན་5ལ་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་འཐུས་ཚབ་ཚོགས་40ཡི་འགྲན་ཞུགས་པ་643ཐེངས་འདིའི་དུས་ཆེན་ལ་ཞུགས། གེ་སར་རྟ་རྒྱུག་དུས་ཆེན་གྱིས་རྨ་ཆུའི་ཉེ་འཁོར་གྱི་མཐའ་མཚམས་ས་ཆ་མང་པོའི་བརྩེ་བའི་ལག་རྡང་དམ་དུ་སྦྲེལ་ཞིང་། ཡུལ་ཕྱོགས་གཞན་པས་རྨ་ཆུའི་གཏིང་ཟབ་པའི་སྲོལ་རྒྱུན་གྱི་རིག་གནས་དང་ད་ལྟའི་གནས་བབ་སོགས་རྒྱུས་ལོན་བྱེད་པར་ནུས་པ་གལ་ཆེན་ཐོན་པ་རེད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1