ཝུན་ཁྲོན་རྫོང་གིས་རི་ཆུ་སྲུང་སྐྱོབ་ཀྱི་ལས་ཀར་ཤུགས་སྣོན་བྱས་པ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 08-15


        ད་ལོ་ནས་བཟུང་ཝུན་ཁྲོན་རྫོང་གིས་ཁོར་ཡུག་སྲུང་སྐྱོང་བརྟག་ཞིབ་ཆེན་མོའི་ལས་དོན་ཕྲག་ཏུ་བླངས་ཏེ། འབུར་དུ་ཐོན་པའི་ཁོར་ཡུག་གི་གནད་དོན་ལ་བསྣུན་ཕོད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ལས་གཞི་བསྐྲུན་པར་ཤུགས་བསྐྱེད་ཅིང་། སྐྱེ་ཁམས་ནན་གྱིས་སྲུང་བ་སོགས་དྭངས་གཙང་གི་རི་ཆུ་སྲུང་བར་འབད་དང་འབད་བཞིན་ཡོད།
        རྒྱུས་ལོན་པ་ལྟར་ན། རྫོང་དེ་གས་ཏང་དང་སྲིད་གཞུང་གི་འགན་འཁྲི་གཅིག་ཏུ་བསྒྲིལ་ཞིང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་རེ་འདུན་ལག་ཏུ་བསྟར་བར་རྒྱུན་འཁྱོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་གོ་རིམ་ཡོངས་ཀྱི་དོ་དམ་དང་། ཁོར་སྲུང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་མཉམ་དུ་བཀོད་སྒྲིག་དང་ལག་ཏུ་བསྟར་རྗེས། རྫོང་ཁོར་སྲུང་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཡུལ་གྲོང་ཁོར་སྲུང་ལས་ཁུངས་གསར་དུ་བསྣན་ཞིང་།              ཁོར་སྲུང་བདེ་འཇགས་འགན་འཁུར་ཕྲག་ཏུ་བླངས་ཏེ་འཐུས་ཤོར་མེད་པ་བཟོས།
        ཚན་རིག་དང་མཐུན་པའི་སྐྱེ་ཁམས་སྲུང་སྐྱོང་འཆར་གཞི་བཟོས་པ་དང་། ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་ལག་ཏུ་བསྟར། ད་ལོ་ནས་བཟུང་རྫོང་ཡོངས་སུ་བརྟག་ཞིབ་ཐེངས་10ལྷག་བྱས་པ་དང་། མི་3དང་གླེང་མོལ་བྱས། ཁོར་སྲུང་ཁྲིམས་འགལ་ཉེས་དོན་6ཐག་བཅད། གནད་དོན་བགྲོ་གླེང་དང་། འགྲེམ་བྱང་འགེལ་བ། ཚོང་རྟགས་དོ་དམ། ཝོ་ལུང་དང་ཚའོ་ཕའོ་སོགས་རང་བྱུང་སྲུང་སྐྱོང་ཁུལ་2ཀྱི་ཁྲིམས་འགལ་རྣམ་གྲངས་ལ་བསྒྱུར་བཅོས་དང་། བྱེ་རྡོའི་ཁེ་ལས་43གྱི་ལས་མཚམས་བཞག་པ་དང་། བྱེ་རྡོའི་ཐོན་ཁུངས་ཀྱི་རིན་པར་སྒོར་ཁྲི་1000བླངས། ཁྲིམས་འགལ་བྱེ་རྡོ་སྔོག་མཁན་གྱི་གྲུ་གཟིངས་48བླངས། མ་དངུལ་སྒོར་དུང་ཕྱུར་1ལྷག་བཏང་ནས་རྨིན་ཅང་གཙང་ངོགས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། ཡུལ་གྲོང་4རུ་བཙོག་ཆུ་བཅོས་སྐྱོང་གི་སྒྲིག་ཆས་གསར་དུ་བསྣན་ཞིང་། སྔར་ཡོད་ཀྱི་འཚོ་བའི་གད་སྙིགས་བསྡུ་ཚིགས་དང་རྫོང་མཁར་གྱི་བཙོག་ཆུ་བཅོས་སྐྱོང་བཟོ་གྲྭའི་གཉེར་སྐྱོང་དོ་དམ་ལ་ཤུགས་བསྣན་ཏོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1