རྣམ་གྲངས་ལ་དམ་འཛིན་གྱིས་འབབ་འཕར་ལ་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་ཚགས། སྤེལ་དུས། 08-15


 
        འདི་ནི་ཉེ་ཆར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཁྲི་ཁང་གྲོང་ཚོར་བཅའ་སྡོད་ལྷ་ས་ཉིན་རེའི་ཚགས་པར་ཁང་གི་ལས་དོན་རུ་ཁག་གིས་སྟོན་བསྡུའི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
        གྲོང་ཚོར་བཅའ་སྡོད་བྱས་ཚུན། མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཁྲི་ཁང་གྲོང་ཚོར་བཅའ་སྡོད་ལྷ་ས་ཉིན་རེའི་ཚགས་པར་ཁང་གི་ལས་དོན་རུ་ཁག་གིས་དུད་ཚང་ལ་འཚམས་འདྲི་དང་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ནས་གྲོང་ཚོ་ཡོངས་ཀྱི་ཏང་འཛུགས་སྐྱོང་དང་། བརྟན་ལྷིང་སྲུང་སྐྱོང་། དྲིན་ཚོར་སློབ་གསོ། གནད་སྨིན་དབུལ་སྐྱོར། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་བརྟག་དཔྱད་གཏིང་ཟབ་བྱས་པ་རེད། དེ་དང་ཆབས་ཅིག་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་ཡུལ་སྐོར་ཞབས་ཞུ་སོགས་ཀྱི་དམངས་སྐྱོར་དམངས་ཕྱུག་རྣམ་གྲངས་སྐྱེད་སྲིང་ནུས་ལྡན་བྱས་ཏེ་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་བཏང་བས་བཅའ་སྡོད་གྲོང་ཚོའི་གྲོང་མིའི་དགའ་བསུ་ཐོབ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1