གླུ་བྲོའི་ཟློས་གར《ཉི་སྟེན་རིགས་གསུམ་མགོན་པོ》ཞེས་པ་འདབ་པ་རྫོང་དུ་འཁྲབ་སྟོན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-15


         ཟླ8པའི་ཚེས12ཉིན་གྱི་དགོང་མོར། གླུ་བྲོའི་ཟློས་གར་ཆེ་གྲས《ཉི་སྟེན་རིགས་གསུམ་མགོན་པོ》ཞེས་པ་འདབ་པའི་ཉི་སྟེན་ཤམ་བྷ་ལ་གྲོང་རྡལ་གྱི་འཁྲབ་རྩལ་ལྟེ་གནས་སུ་འཁྲབ་སྟོན་བྱས་ཤིང་། ལྟད་མོ་བ་1300ལྷག་ཐེངས་འདིའི་འཁྲབ་སྟོན་ལ་ཞུགས། 《ཉི་སྟེན་རིགས་གསུམ་མགོན་པོ》འདི་ནི་དཀར་མཛེས་ཁུལ་གླུ་གར་ཚོགས་པས་གསར་རྩོམ་བྱས་ཤིང་ཁྱོན་བསྡོམས་སྔོན་འགྲོ་དང་བྱམས་པ། ཤེས་རབ། མཐུ་སྟོབས། མཇུག་བསྡུ་བ་བཅས་ལེའུ་ལྔས་གྲུབ་ཡོད་པ་དང་། གླུ་གར་འཁྲབ་ཚན་འདི་བརྒྱུད་ཉིན་སྟེན་གྱི་རིག་གནས་དང་ཉིན་སྟེན་གྱི་མཛེས་ལྗོངས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱས་ཤིང་། ཕྱོགས་ཡོངས་མགྲོན་པོ་དག་གིས་སྔར་ལས་འཐུས་སྒོ་ཚང་ཞིང་གཏིང་ཟབ་པའི་སྒོ་ནས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་ཐུབ་བྱུང་བར་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་བོད་ཁུལ་གྱི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའང་ལེགས་པོར་མཚོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1