ཀྲུང་དབྱང་གིས་བོད་ལྗོངས་དང་མཚོ་སྔོན་སོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་བྱེད་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 08-17


        སྤྱི་ཟླ་8པའི་ཚེས་15ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་གི་ཁག་དྲུག་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱས་ཡོད། དེའི་བར་ཁག་བཞི་པའི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བརྒྱད་ཚང་མ་ལྟ་ཞིབ་བཅའ་སྡོད་ལས་གནས་ཐོག་འབྱོར་ཟིན་ཞིང་། ཅི་ལིན་དང་ཧྲན་ཏུང་། ཧའེ་ནན། སི་ཁྲོན། བོད་ལྗོངས། མཚོ་སྔོན། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་སུ་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་བྱ་རྒྱུ་ཡིན་པ་དང་། དེའི་ཐོག་ནས་རང་རྒྱལ་གྱིས་ད་ལོ་ཞིང་ཆེན་31ལ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་མཚོན་ཡོད་པ་རེད། 
        བཀོད་སྒྲིག་གཞིར་བཟུང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བཅའ་སྡོད་བྱེད་པའི་དུས་ཚོད་ཟླ་བ་གཅིག་ཙམ་ཡིན་ཞིང་། ལྟ་ཞིབ་བཅའ་སྡོད་བྱེད་རིང་། ལྟ་ཞིབ་ཚོགས་ཆུང་ཁག་གིས་ཁག་སོ་སོར་ཆེད་མངག་ལས་རེས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་པ་མ་ཟད་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ཏེ། ལྟ་ཞིབ་བྱ་ཡུལ་ཞིང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡི་གེ་དང་ཁ་པར་བརྒྱུད་ཐེར་འདོན་བྱས་པའི་གྱོད་གཞི་བདག་སྤྲོད་བྱ་རྒྱུ་ཡིན་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1