ཀྲུང་དབྱང་སྒྲིག་ཨུས་ངན་སྤྱོད་དང་རུལ་སུངས་གནད་དོན་70ལྷག་བརྡ་ཁྱབ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 08-18


        མི་དམངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ། སྤྱི་ཟླ་8པའི་ཚེས་16ཉིན། ཀྲུང་དབྱང་སྒྲིག་ཨུ་དང་ལྟ་ཞིབ་པུའུ་ཡི་དྲ་ཚིགས་སུ་མང་ཚོགས་ཀྱི་ཁེ་ཕན་ལ་གཏོར་སྐྱོན་བཏང་བའི་ངན་སྤྱོད་དང་རུལ་སུངས་གནད་དོན་70ལྷག་བརྡ་ཁྱབ་བཏང་བ་དང་། གྱོད་གཞི་དེ་དག་ནི་ཞིང་ལྗོངས་དང་གྲོང་ཁྱེར་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་ནས་བྱུང་བ་དང་གྱོད་གཞིའི་ནང་འབྲུ་རིགས་ཐད་ཀྱི་ཁ་གསབ་དང་ཞིང་ལས་ཀྱི་ཕྱོགས་བསྡུས་ཁ་གསབ་དངུལ་ལྐོག་ཟ་དང་དམག་ལོག་དམག་མིའི་གཟིགས་སྐྱོང་དངུལ་རྩ་ལྐོག་ཉར་བྱས་པ། རྩྭ་ཐང་སྐྱེ་ཁམས་ཀྱི་ཁ་གསབ་རོགས་དངུལ་ལྐོག་ཉར་སོགས་མང་ཚོགས་གྱི་ཁ་གསབ་དངུལ་དང་འབྲེལ་བའི་གྱོད་གཞིའི་སྤྱི་འབོར་ནང་གི་གྲངས་ཚད་ཕྱེད་ཀ་ཟིན་ཡོད་པ་མ་ཟད། མང་དག་ཅིག་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་དང་འབྲེལ་བ་ཡོད་པ་སྟེ། དཔེར་ན་དབུལ་སྐྱོར་ཆེད་དངུལ་ལྐོག་ལེན་དང་རྒྱལ་ཁབ་དབུལ་སྐྱོར་ཆེད་དངུལ་ལྐོག་ཟ། དབུལ་སྐྱོར་དངུལ་གཡོ་ལེན་བྱས་པ་སོགས་ལྟ་བུའོ།། 




 





 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1