བདེ་ཆེན་ཁུལ་གྱིས་མི་རིགས་སྐད་ཡིག་གི་སྒྱུར་ཡིག་ལས་ཀ་ནན་གྱིས་བསྒྲུབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། 08-18


        ད་ལོར། བདེ་ཆེན་ཁུལ་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས་ཀྱིས་ཁུལ་སྟོན་གཞུང་ལས་ཁང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕྱོགས་བསྡུས་སྲིད་འཛིན་ཅུས་ཀྱི་བླང་བྱ་ལྟར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནང་ཁོངས་ཀྱི་སྒོ་བྱང་ལ་ཚད་ལྡན་ཅན་གྱི་ཡིག་སྒྱུར་བྱས་པ་རེད།

        མིག་སྔར། བདེ་ཆེན་ཁུལ་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས་ཀྱིས་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་ཀྱི་སྒོ་བྱང་དང་། ལྗོངས་ཁུལ་གྱི་ཡུལ་སྐོར་དྲན་སྐུལ། ཟ་ཁང་གི་ཚལ་ཐོ། ཆེད་ལས་དཔེ་དེབ། ལས་ཁུངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ཚན་བྱང་བཅས་ཁྱོན་བསྡོམས་3000ལྷག་ཡིག་བསྒྱུར་བྱས།

        བདེ་ཆེན་ཁུལ་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས་ཀྱི་སྐད་འཕྲིན་སྤྱི་རྟགས་སྤྱི་བསྒྲགས་བྱས་ནས་རྒྱ་ཆེ་བའི་གྲོང་མིས་མི་རིགས་སྐད་ཡིག་ཡིག་སྒྱུར་ལ་སྟབས་བདེ་སྤྲད་པ་རེད།

        ཟླ་7པའི་ཟླ་འགོར། ཁུལ་སྟོན་གཞུང་ལས་ཁང་གིས་བོད་ཡིག་དང་དབྱིན་ཡིག་མཁས་པ་སྒྲིག་འཛུགས་བྱས་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནང་ཁོངས་ཀྱི་སྒོ་བྱང་ལ་ལྟ་ཞིབ་བྱས་ཤིང་། མིག་སྔར་རྒྱང་སྤྱོད་ལམ་ཆེན་དང་སྐད་ཚགས་ལམ། ཡང་ཐང་ལམ་བཅས་ཀྱི་སྒོ་བྱང་ལ་ཞིབ་བཤེར་བྱས་ཚར་བས། བོད་ཡིག་དང་དབྱིན་ཡིག་གི་ཡིག་བསྒྱུར་དང་སྤྱོད་པ་ཚད་ལྡན་ཅན་དུ་འགྱུར་བ་དང་ནོར་སྐྱོན་བྱུང་ཚད་ཡང་སྔར་ལས་ཉུང་དུ་བཏང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1