ཨ་རིའི་ཆི་ཧུའུ་ལི་ཤེལ་གྱི་སྒྱུ་རྩལ་གླིང་ག

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


   ཨ་རིའི་སེ་ཡ་ཐྲོ་གྲོང་ཁྱེར་གྱི་ཆི་ཧུའུ་ལི་ཤེལ་གྱི་སྒྱུ་རྩལ་གླིང་གི་རྒྱ་ཁྱོན་ལ་དབྱིན་མུའུ་1.5ཡོད་ལ། སེ་ཡ་ཐྲོ་མཁའ་དབྱིངས་སྟེགས་བུ་དང་EMPརོལ་མོ་མྱོང་རོལ་ཁང་སོགས་དཔེར་མཚོན་ཅན་གྱི་འཛུགས་སྐྲུན་དང་བར་ཐག་ཤིན་ཏུ་ཉེ། སྒྱུ་རྩལ་གླིང་དུ་མཁས་ཆེན་དྷེ་ཨར་ཆི་ཧུའུ་ལི་ཡི་ཤེལ་གྱི་སྒྱུ་རྩལ་བརྩམས་ཆོས་དང་ཇུས་འགོད་རི་མོ། བཟོད་བཀོད་སྒྲིག་ཆས་གཙོ་བྱས་པའི་སྒྱུ་རྩལ་བརྩམས་ཆོས་དག་དང་། བར་ཁྱམས་རིང་མོ་རུ་ད་དུང་སྒྱུ་རྩལ་བརྩམས་ཆོས་སོ་སོའི་མཐོང་སྣེ་མི་འདྲ་བའི་སྨྱན་སྦྱོར་འགྲེམ་སྟོན་བྱས་ཡོད།

   གློག་འོད་དང་ཚོན་མདངས་ཀྱི་མཛེས་སྡུག་མ་ལུས་པ་ཕྱིར་མངོན་ཆེད། འགྲེམ་སྟོན་ཁང་དུ་ཆེད་བསྒྲིགས་གློག་འོད་ལས་གཞན་པའི་འོད་འགྱེད་ཐུབ་པའི་སྒྲིག་འགོད་ཕལ་ཆེར་བྱས་མེད་ཅིང་། རྒྱ་ཆེའི་ལྟད་མོ་བ་དག་འགྲེམ་སྟོན་ཁང་དུ་ཕེབས་པ་ན། དབྱིབས་དང་ཁ་དོག་སྣ་ཚོགས་ཀྱིས་བྱས་པའི་ཤེལ་གྱི་སྒྱུ་རྩལ་བརྩམས་ཆོས་རིགས་མང་པོས་ཀུན་གྱི་མིག་ཡིད་དབང་མེད་འཕྲོག་པར་བྱེད། དེ་བས་ཀྱང་རྒྱ་མཚོའི་སྐྱེ་ཁམས་མཆོད་རྟེན་ནི་ཆེས་སྐད་གྲགས་ཆེ་བའི་སྒྱུ་རྩལ་བརྩམས་ཆོས་དེ་ཡིན་ལ། དེ་ནི་རྒྱ་མཚོའི་ཁ་དོག་སྟེ་སྔོ་མདོག་གཙོ་བོར་བྱས་ཤིང་། མདོག་མི་འདྲ་བའི་རྒྱ་མཚོའི་སྐྱེ་དངོས་འཇིམ་བརྙན་ཆིག་སྟོང་ལྷག་གིས་མཉམ་དུ་གྲུབ་པ་ཞིག་ཡིན་ནོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1