མཛོད་དགེ་རྫོང་གི་སྡེ་བ་རིམ་པའི་ཞིང་ཁྱིམ་དཔེ་ཁང་མངོན་འགྱུར་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 08-25


        ཉེ་སྔོན་མཛོད་དགེ་རྫོང་གིས་ཞིང་ཁྱིམ་དཔེ་ཁང་འཛུགས་སྐྲུན་གྱི་ནུས་ཤུགས་རྒྱ་ཆེར་བཏང་སྟེ། ནུས་ཤུགས་གང་ཡོད་ཀྱིས་མང་ཚོགས་ལ་དཔེ་ཆའི་ཞབས་འདེགས་མ་ལག་འཐུས་ཚང་སྒོས་འཛུགས་སྐྲུན་བྱས། དུས་དང་བསྟུན་པའི་སྡེ་བ་རིམ་པའི་ཞིང་ཁྱིམ་དཔེ་ཁང་ཁྱབ་གདལ་དུ་བཏང་། དཔེ་དེབ་ཉོ་བ་དང་གཡོར་བ་སོགས་ཀྱི་དཀའ་ཁག་སེལ་འདུག
        ཞིང་ཁྱིམ་དཔེ་ཁང་འཛུགས་སྐྲུན་བྱས་ཚར་རྗེས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པར་མ་ཟད། ད་རུང་མཛོད་དགེ་རྫོང་གི་ཞིང་སྡེ་གསར་བ་བསྐྲུན་པར་རིག་གནས་ཀྱི་ནུས་བ་འགན་ལེན་འདོན་སྤྲོད་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1