གཟི་རྩ་སྡེ་དགུས་མཚན་མོའི་སྦྲ་གུར་སློབ་གྲྭ་མང་ཚོགས་ཁྲོད་དུ་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-30


        བསྟུད་མར་ཉིན་ཤས་རིང་། རྔ་བ་ཁུལ་གྱི་གཟི་རྩ་སྡེ་དགུ་རྫོང་གིས་གནོད་ཐེབས་རྒུད་སྐྱོབ་ཀྱི་གནས་སྐབས་བདེ་སྡོད་གནས་དང་ཛ་དྲག་ཉེན་གཡོལ་གནས་ཡོངས་ལ་མཚན་མོའི་སྦྲ་གུར་སློབ་གྲྭ་བཙུགས་ནས། མཚན་གྱི་སྦྲ་གུར་སློབ་གྲྭ་དེ་དུས་ཐོག་ཏུ་རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་མཛུབ་སྟོན་གནང་བའི་དགོངས་དོན་དྲིལ་སྒྲོག་དང་། སྒུལ་འགོག་གནོད་ཉུང་དང་རང་སྐྱོབ་ཤེས་བྱ་ཁྱབ་གདལ་གཏོང་བ། གནོད་ཐེབས་མང་ཚོགས་ལ་ཧུར་ཐག་གིས་རང་སྲུང་རང་སྐྱོབ་བྱེད་པར་སྣེ་ཁྲིད་པ། གནོད་ཐེབས་རྗེས་ཀྱི་སྟེགས་བུ་བསྐྱར་འཛུགས་ལ་ནུས་ཤུགས་འབུལ་ས་ཞིག་ཡིན་པའི་ཆ་ནས། སློབ་ཁྲིད་སྦྲ་གུར་ནང་དུ་བྱས།  
        རྒྱུས་ལོན་པར་གཞིགས་ན། མིག་སྔར།  གཟི་རྩ་སྡེ་དགུ་རྫོང་གིས་མགྱོགས་མྱུར་སྒོས་གཟི་རྩ་སྡེ་དགུ་རྫོང་གནོད་ཐེབས་རྒུད་སྐྱོབ་ཀྱི་གནས་སྐབས་བདེ་སྡོད་གནས་སུ་མཚན་མོའི་སྦྲ་གུར་སློབ་གྲྭ་130བཟོས་ཏེ། རྫོང་ཡོངས་ཀྱི་སྡེ་བ་སོ་སོའི་གནས་སྐབས་བདེ་སྡོད་གནས་དང་ཉེན་གཡོལ་གནས་སུ་བགོ་བཤའ་བྱས།  དབུལ་ཕོངས་སྡེ་བའི་ཧྲུའུ་ཅུ་དང་པོ་དང་དབུལ་ཕོངས་སྡེ་བ་མ་ཡིན་པའི་ཏང་ཀྲི་པུའུ་ཧྲུའུ་ཅུ་130སློབ་གཙོའི་འགན་བཞེས་ནས་ཉིན་རྒྱུན་གྱི་བྱ་བ་འགན་ཁུར་བཞིན་ཡོད་པ་དང་། ཏང་སྲིད་འགོ་ཁྲིད་དང་ཧྲུའུ་ཅུ་780ཡིས་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་བཞེས་ནས། མཚན་མོའི་སློབ་གྲྭ་སོ་སོར་ལྟོས་བཅོས་ཀྱིས་གཏན་འཇགས་ཡིན་པའི་དགེ་རྒན་དྲུག་ཡོད་པ་ཁག་ཐེག་བྱས་ཡོད།  དེང་རབས་ཆ་འཕྲིན་ལག་ཐབས་བེད་སྤྱོད་བྱས་ནས། ནུས་ཆོད་ལྡན་པའི་ཐོན་ཁུངས་བསྡུ་རུབ་ཀྱིས་མཚན་མོའི་སློབ་གྲྭ་བརྒྱ་ལྷག་བཙུགས་པ་དང་། མཚན་མོའི་སློབ་གྲྭ་དེ་ཁྱིམ་ཚང་སོ་སོར་རྒྱ་བསྐྱེད་པ་དང་མི་རེ་རེར་ཁྱབ་པར་བྱས་ཤིང་། དངོས་གཟུགས་གཙོ་བོ་དང་དྲ་རྒྱ་ཕལ་བ་ཡིན་པའི་སློབ་ཁྲིད་ཐབས་ལམ་གྲུབ་པ་དང་། སློབ་ཁྲིད་ཀྱི་ཆ་འཕྲིན་སྣ་ཚོགས་མཉམ་གཏོང་བྱས། དམིགས་གཏད་རང་བཞིན་གྱི་སློབ་ཐུན་དང་། གཅིག་སྡུད་དང་ཁ་འཐོར་ཟུང་འབྲེལ་ཡིན་པའི་སྤྲོ་བག་རང་བཞིན་ཅན་གྱི་སློབ་ཁྲིད་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་གནོད་ཐེབས་མང་ཚོགས་ཀྱིས་ཧུར་ཐག་གིས་རང་སྲུང་རང་སྐྱོབ་བྱེད་པ་དང་། མྱུར་དུ་ཁྱིམ་གཞིས་བསྐྱར་བསྐྲུན་ཡོང་བར་སྣེ་ཁྲིད་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1