བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-31


        ཟླ་8ཚེས་27ཉིན་གྱི་དགོང་མོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཐེན་ཅིན་ཨོ་ལིམ་ཕིག་ལྟེ་བའི་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པས་ལུས་ལ་བཀྲག་མདངས་འཚེར་བའི་མི་རིགས་ཀྱི་གྱོན་གོས་སྤྲས་པ་དང་ཡང་ཤ་དོད་པའི་གོམ་སྟབས་སྤོ་ཞིང་། སྙིང་སྟོབས་རབ་ཏུ་འཕེལ་བའི་ངང་ཚོགས་རར་བསྐྱོད་དེ་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཤིང་། འདི་ནི་འཐུས་མི་ཚོགས་པ་ཚོགས་རར་སྐྱོད་པའི་པར་རིས་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1