༄༅། །ཤིང་བརྐོས་སྒྱུ་རྩལ།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། ཞིང་ཧྭ་དྲ་བ། སྤེལ་དུས། 07-21


     

      ཉིན་དེར་ལྷ་སའི་ནོར་བུ་གླིང་ག་ནས་བོད་ལྗོངས་ཡུང་ཆོན་ཤིང་བརྐོས་འབུར་རིས་ཐང་ག་འགྲེམ་སྟོན་བྱས། ཤིང་བརྐོས་འབུར་རིས་ཐང་ག་ལ་འབུར་གཟུགས་ཐང་ག་ཡང་ཟེར།ཐང་ག་དེ་ཡིས་སྲོལ་རྒྱུན་གྱི་ཐང་གའི་བརྗོད་བྱ་རྒྱུན་འཛིན་བྱས་ཡོད་ལ། མ་ཟིན་གྱི་ཡོངས་ཁུངས་གཙོ་བོ་སྡེ་དགེ་དཔལ་སྤུངས་དགོན་པར་ཁང་གི་ཐང་གའི་རི་མོ་རེད། ཡུང་ཆོན་ཤིང་བརྐོས་འབུར་རིས་ཐང་གས་རྒྱ་བོད་ནང་བསྟན་ཆོས་ལུགས་གྲུབ་མཐའ་གཉིས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་གཅིག་བསྡུས་གསར་བ་བྱས་འདུག དེ་ཡིས་སྲོལ་རྒྱུན་གྱི་རྒྱ་བོད་ནང་བསྟན་ཆོས་ལུགས་རིག་གནས་མཉམ་འདྲེས་བྱས་ཡོད་པ་མ་ཟད། སྲོལ་རྒྱུན་དང་དེང་རབས་ཀྱི་ཤིང་བརྐོས་བཟོ་རྩལ་མཉམ་འབྲེལ་བྱས་ཡོད་པས། རྒྱ་རྒྱུད་དང་བོད་རྒྱུད་ནང་བསྟན་ཆོས་ལུགས་རིག་གནས་སྤེལ་རེས་ཀྱི་རྒྱུད་ འཛིན་རང་བཞིན་དང་གསར་གཏོད་རང་བཞིན་མངོན་ཡོད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1