ཞིང་ཆེན་ཡོངས་ཀྱི་གནས་སྤོ་དབུལ་སྐྱོར་བྱ་བའི་བརྙན་འཕྲིན་དང་ཁ་པར་ཚོགས་འདུ་འཚོགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-26


        ཞིང་ཆེན་ཡོངས་ཀྱི་གནས་སྤོ་དབུལ་སྐྱོར་བྱ་བའི་བརྙན་འཕྲིན་དང་ཁ་པར་གྱི་གྲོས་ཚོགས་དེ་ཟླ་9བའི་ཚེས་25ཉིན་ཁྲེན་ཏུའུ་ནས་བསྡུ་འཚོགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་གསར་སྦོལ་བྱ་བའི་འཐབ་ཇུས་ཀྱི་བསམ་བློར་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་ཀྱི་གནས་སྤོ་དབུལ་སྐྱོར་བྱ་བའི་ཡུལ་དངོས་ཚོགས་འདུའི་དགོངས་དོན་ལག་བསྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ཁག་དོན་འཁྱོལ་ཡོང་བར་བྱས་ནས། ཞིང་ཆེན་ཡོངས་ཀྱི་གོམ་སྟབས་རྗེས་མའི་གནས་སྤོ་དབུལ་སྐྱོར་བྱ་བར་སྐུལ་སློང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེན་ཞའོ་ཀང་གྲོས་ཚོགས་ཐོག་ཏུ་བཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།
        ཏེན་ཞའོ་ཀང་གིས་རྒྱལ་ཡོངས་ཀྱི་གནས་སྤོ་དབུལ་སྐྱོར་བྱ་བའི་ཡུལ་དངོས་ཀྱི་ཚོགས་འདུ་ཡིས་རང་རེའི་ཞིང་ཆེན་གྱི་དབུལ་སྐྱོར་བྱ་བར་ཁས་ལེན་གང་ལེགས་གནང་། གྲུབ་འབྲས་འདི་དག་ལོན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་གསར་སྦོལ་བྱ་བའི་འཐབ་ཇུས་དགོངས་དོན་གྱི་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་སྟོན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་དུས་ནམ་ཡང་དབུལ་བྲལ་འགག་སྒྲོལ་བྱེད་པ་དེ་ཐོག་མའི་གོ་གནས་སུ་བཞག་ནས། སྟོབས་ཤུགས་གང་ཡོད་ཀྱིས་དབུལ་བྲལ་འགག་སྒྲོལ་ལ་མཐོང་ཆེན་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་དང་ནན་ཏན་གྱིས་བྱ་བ་སྒྲུབ་པ་བཅས་ལ་རག་ལས། དེ་མིན་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་མཐོར་འདེགས་དང་བསམ་བློའི་འདུ་ཤེས་གཏིང་གཟབ་དུ་བཏང་ཐོག  མུ་མཐུད་དུ་དབུལ་བྲལ་བྱེད་པར་ཐབས་ལམ་གསལ་བོ་དང་སྟོབས་ཤུགས་གང་ཡོད་བཏོན་ཐོག ཧུར་ཐག་འབད་ཐག་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་བྱ་བ་ཁག་ལེགས་པོར་སྒྲུབ་པ་དང་གྲུབ་འབྲས་སྲ་བརྟན། མཉམ་མྱོང་ཁྱབ་བརྡལ། དཀའ་གནད་ལ་གདོང་གཏད་པ་བཅས་བྱས་ནས། གནས་སྤོ་དབུལ་སྐྱོར་བྱེད་པའི་བྱ་བར་གྲུབ་འབྲས་གསར་པ་ཞིག་ལོན་པར་འབད་བརྩོན་བྱ་དགོས་ཅེས་བསྟན་པ་རེད། །
           


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1