བཙན་ལྷ་རྫོང་གིས་ཞིང་ལས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་བསྡུས།

གུ་རུ་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 09-26


        ཉེ་སྔོན། བཙན་ལྷ་རྫོང་གིས་ཞིང་ལས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་བསྡུས། རྫོང་ཡོངས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཁེ་ལས་བ་བཅུ་བཞི་དང་མཉམ་ལས་རྩ་འཛུགས་ཀྱི་ཡིད་དབང་བཀུག་པ་དང་། དེ་མིན་རྒྱལ་ཡོངས་ས་གནས་སོ་སོ་ནས་ཡོང་བའི་ཉོ་སྒྲུབ་ཚོང་བ་སོ་བཞི་གློག་རྡུལ་ཚོང་དོན་ལ་ཞུགས་ནས་དམིགས་བྱའི་རང་བཞིན་གྱི་གྲོས་མཐུན་འཇོག་པ་དང་གྲོས་མཐུན་འཇོག་པའི་དངུལ་འབོར་སྒོར་ཁྲི་460ཟིན་ཡོད། 
        བྱ་འགུལ་ཡུལ་དངོས་སུ། བཙན་ལྷ་རྫོང་ནས་ཡོང་བའི་ཁེ་ལས་བ་བཅུ་བཞི་དང་ཆེད་ལས་མཉམ་ལས་ཀྱིས་ཁྱད་ལྡན་ཐོན་རྫས་བརྒྱ་དང་གསུམ་ཁྱེར་ནས་འདེབས་འཛུགས་བྱས་པའི་ཐོན་རྫས་སོགས་བཙན་ལྷ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཁྱད་ཆོས་འགྲེམས་སྟོན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1