གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༢༠ཉིན།

ང་ཚོས་རླབས་ཆེན་གྱི་དུས་རབས་ལ་སྤོབས་པ་བསྐྱེད་པ།

        ཟླ་10ཚེས་18ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འགོ་ཚུགས་པའི་མཛད་སྒོ་འཚོག་འགོ་མ་ཚུགས་པའི་སྔོན་ལ། གཞི་རིམ་གྱི་མདུན་ཕྱོགས་ནས་ཕེབས་པའི་ཏང་གི་འཐུས་མི་ཁག་ཅིག་བཀོད་སྒྲིག་ཐེངས་དང་པོ་བྱས་པའི"ཏང་གི་འཐུས་མིའི་བགྲོད་ལམ"དུ་ཕེབས་ནས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྟེ་ལས་འགན་ཁུར་དུ་བླངས་པ་དང་སེམས་ཁོངས་ཀྱི་ཕུགས་རེ་བརྗོད་པ་རེད།
        ཆུ་ཚོད་གཅིག་གི་རིང་ལ། འཐུས་མི་19ཡིས་དྲི་བ་གང་བཏོན་ལ་ལན་བཏབ་ནས་ཁ་གསང་ཟོལ་མེད་ཀྱིས་སྤེལ་རེས་ལྷུག་པོ་གནང་སྟེ་མི་དམངས་དང་ཏང་གི་འཐུས་མིའི་བར་གྱི་འབྲེལ་བ་ཇེ་ཉེ་རུ་བཏང་ཡོད་ལ། ང་ཚོའི་ཏང་ནི་སྔར་ལས་དམངས་གཙོ་དར་བ་དང་། སྔར་ལས་སྒོ་འབྱེད་པ། སྔར་ལས་བློ་གདེང་ལྡན་པ་བཅས་ཡིན་པའང་མཚོན་པ་རེད།
        ཏང་གི་འཐུས་མི་ཚེ་རིང་དཔལ་སྒྲོན་ནི་བོད་ལྗོངས་མངའ་རིས་ས་ཁུལ་ནས་ཕེབས་པའི་མོ་ནད་བུ་བཙའི་ཚན་ཁག་གི་སྨན་པ་ཞིག་རེད། ཁོ་མོས"ངའི་ཕ་ཡུལ་ནི་ས་བབ་མཐོ་ཚད་སྨི་4500ཡན་དུ་ཡོད་ཅིང་། མི་སེར་རྣམས་ཀྱིས་རྟག་ཏུ་ང་ཚོར་སྔོན་ཆད་ནད་པ་ཁ་ཤས་ནི་སྨན་བཅོས་ཆ་རྐྱེན་ཞན་པས། ཕྲུ་གུ་བཙའ་དཀའ་བའི་དབང་གིས་ཁྱིམ་དུ་ཤི་བ་རེད། ད་ལྟ། སྨན་པ་ཚོ་རང་ཁྱིམ་དུ་ཡོང་ནས་ནད་ལྟ་སྨན་བཅོས་བྱེད་བཞིན་ཡོད་པས། ཕྲུ་གུ་བཙའ་བར་སེམས་ཁྲལ་མེད་པར་གྱུར། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་བྲལ་ཐབས་མེད་ཅེས་བཤད་ཀྱི་ཡོད"ཅེས་བརྗོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1