གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔཞ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༣༠ཉིན།

སི་ཁྲོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་ཀྱི་ཚོགས་ཆེན་འཚོགས།


        སྤྱི་ཟླ་10པའི་ཚེས་28ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་ཀྱི་ཚོགས་ཆེན་ཁྲེན་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་ཆེན་དུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུའི་ལས་ཀའི་སྙན་ཞུ། དེ་མིན་ཏང་གི་སྒྲིག་ཡིག་བཅོས་མའི་དགོངས་དོན་བརྒྱུད་བསྒྲགས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུ་ཕིང་ཚོགས་ཆེན་དུ་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏིང་ཞའོ་ཀང་གིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་།
        ཝང་ཏུང་མིང་གིས་གསུང་བཤད་ཁྲོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཕུ་ཐག་ཆོག་པའི་རྒྱལ་ཁ་ལོན་པའི་དུས་མཚམས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་གལ་ཆེའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་ལས་འགན་སེམས་སུ་བརྟན་པོར་བཅངས་ཤིང་། དར་ཆ་མཐོན་པོར་བསྒྲེངས་ཤིང་མཐུན་སྒྲིལ་ཡར་བརྩོན་བྱེད་པའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་ཐོག་མངོན་གསལ་སྒོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་དབུ་ཁྲིད་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱ་རྒྱུ་དང་། ཏང་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཁག་ཐེག་བྱ་རྒྱུ་དེ་ཏང་གི་འཛུགས་སྐྲུན་གྱི་གཞི་རྩའི་བླང་བྱར་བཟུང་ནས་ཏང་གི་སྒྲིག་ཡིག་ཏུ་བཀོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་འཕར་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་འཐུས་མི་ཚང་བའི་འཕེལ་རྒྱས་བར་གྱི་འགལ་བར་རིམ་བསྒྱུར་བ་སོགས་གལ་ཆེ་བའི་ཆབ་སྲིད་ཀྱི་ཆོད་གཏམ་བཞག གཏིང་ཟབ་པའི་སྒོས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་འགྲེལ་བཤད་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལོ་རྒྱུས་ཀྱི་གོ་གནས་གཏན་འཁེལ་བྱས་པ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཐབས་ཇུས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་དགོས་པ་བཏོན་པ། ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་བླངས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པའི་དམིགས་འབེན་གྱི་འགོ་ཚུགས་པར་གཏན་འཁེལ་བྱས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེའི་ལས་གཞི་གསར་པའི་སྐུལ་འདེད་བྱ་བར་ཁྱོན་ཡོངས་བཀོིད་སྒྲིག་བྱས་པ། དར་ཆ་གསར་པས་ཏང་གི་དབུ་ཁྲིད་ལ་ཤུགས་སྣོན་བྱ་རྒྱུ་དེ་ཏང་གི་གལ་ཆེ་བའི་ཆབ་སྲིད་ཀྱི་རྩ་དོན་དུ་བཞག  ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་ལས་ཀར་ཁས་ལེན་གང་ལེགས་བྱས་ཤིང་། ལག་ལེན་ཉམས་མྱོང་ལ་ཕྱོགས་བསྡོམས་དང་གོམ་པ་རྗེས་མའི་གཙོ་གནད་ཀྱི་ཤུགས་ཕུད་ཡུལ་ཁ་གསལ་པོ་བྱས་པ་དང་། ཏང་གི་ལག་ལེན་གོང་འཕེལ་དང་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་གཞིགས་ནས་ཏང་གི་སྒྲིག་ཡིག་ལ་འོས་འཚམ་གྱི་དག་བཅོས་བྱས།  ཚོགས་ཆེན་ཐོག་ཞུམ་མེད་སྟོབས་ལྡན་གྱི་སྐབས་གསར་པའི་ཀྲུང་དབྱང་དབུ་ཁྲིད་ཀྱི་མཉམ་སྡེབ་དང་ཀྲུང་དབྱང་དབུ་ཁྲིད་ཀྱི་ལས་ཁུངས་བདམས་ཐོན་བྱུང་། བློ་མཐུན་ཞི་ཅིན་ཕིང་ཏང་ཡོངས་ཀྱིས་བརྩི་བཀུར་དང་མི་དམངས་ཀྱིས་མོས་གུས་བྱེད་པའི་ངོ་གནོང་མི་དགོས་པའི་ཏང་གི་དབུ་ཁྲིད་ཡིན་པའི་ཆ་ནས། སླར་ཡང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རུ་བདམས་ཐོན་བྱུང་བ་ལས་ཏང་ཡོངས་དང་དམག་དཔུང་ཡོངས། རྒྱལ་ཁབ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་མཚོན་ཞིང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོིང་འཕེལ་གཏོང་བ་དང་རླབས་ཆེན་བཞི་སྤྱི་འདོམས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་གཏོད་པའི་གཞི་རྩའི་འགན་སྲུང་ཡིན། ཚོགས་ཆེན་ཐོག་མངོན་གསལ་བའི་ལོ་རྒྱུས་ཀྱི་འགན་འཁྲི་དང་གལ་ཆེ་བའི་ཆོད་གཏམ། འགུལ་སྐྱོད་ཀྱི་རྩ་འཛིན། གྲུབ་འབྲས་གལ་ཆེན་བཅས་ཀྱིས་རང་རེའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་དང་། ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་བླངས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དུས་རབས་འབྱེད་པའིོ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞེས་བསྟན།  
        ཝང་ཏུང་མིང་གིས་ནན་གྱིས་གསུང་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་གོ་དོན་ལ་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་ཤིང་། ལག་བསྟར་དོན་འཁྱོལ་གྱི་རང་འགུལ་རང་བཞིན་དང་སྲ་བརྟན་རང་བཞིན་ལག་ལེན་ནན་ཏན་བྱ་དགོས། གཅིག་ནས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་བརྗོད་དོན་གཙོ་བོར་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་ཏེ། སྙན་ཞུའི་བརྗོད་དོན་གཙོ་བོ་དེ་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་སུ་བརྒྱུས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱ་དགོས།  གཉིས་ནས་ལོ་ལྔའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་ཏེ། བློ་བརྟན་འགྱུར་མེད་སྒོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པར་ཡིད་ཆེས་དང་ཆོད་སེམས་བརྩོན་ལེན་བྱ་དགོས། གསུམ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་ཆོད་གཏམ་གསར་པར་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱོགས་མཚམས་ལ་ངོས་འཛིན་གསལ་པོ་བྱ་དགོས། བཞི་ནས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་གསར་པར་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་ཏེ། བློ་བརྟན་ཡར་བརྩོན་གྱིས་འབད་འཐབ་དང་རླབས་ཆེན་བཞི་ལག་ལེན་ཁྲོད་སྐུལ་འདེད་བྱས་ནས་དོན་ཐོག་དུ་འཁེལ་ཞིང་མདུན་གྲལ་ཏུ་བསྐྱོད་དགོས། ལྔ་ནས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་པར་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་ཏེ། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་ངེས་ཤུགས་ལ་བློ་རྩེ་གཅིག་ཏུ་གཞོལ་བ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དོ་མི་མཉམ་པ་དང་འཐུས་མི་ཚང་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མི་དམངས་ཀྱི་ཉིན་རེ་བཞིན་འཕར་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཡིད་ཚིམ་པར་བྱ་དགོས། དྲུག་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གསར་པར་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་ཏེ། ཡང་དག་པའི་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གོ་དོན་ཟབ་མོ་དང་གཞི་རྩའི་ཇུས་གཞི་དམ་འཛིན་བྱས་ཏེ། བསམ་པའི་དྲག་ཆས་དང་ལག་ལེན་གྱི་མཛུབ་སྟོན། ལས་ཀའི་སྐུལ་འདེད་བྱེད་ཤུགས་སུ་བེད་སྤྱོད་བརྟན་པོ་བྱ་དགོས། བདུན་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་འབེན་གསར་པར་རིམ་པ་གཉིས་དབྱེ་ནས་སྐྱོད་པར་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་བླངས་ཏེ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན་དང་འཆམ་མཐུན། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་ཡོང་བར་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་དགོས། བརྒྱད་ནས་ཏང་གི་འཛུགས་སྐྲུན་གྱི་བླང་བྱ་གསར་པར་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བར་སྐུལ་འདེད་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་དབུ་ཁྲིད་ལ་སྲུང་སྐྱོང་བརྟན་པོ་བྱ་དགོས། དུས་མཚུངས་སུ་ཀྲུང་དབྱང་སྒྲིག་ཨུའི་ལས་ཀའི་སྙན་ཞུའི་དགོངས་དོན་གཙོ་བོར་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལག་ལེན་མཐར་ཕྱིན་བྱ་དགོས་པར་མ་ཟད། ཏང་གི་སྒྲིག་ཡིག་དག་བཅོས་བྱས་པའི་གལ་ཆེ་བའི་དོན་སྙིང་དང་ནང་དོན་གལ་ཆེན་ལ་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱ་དགོས་ཏེ། སྔར་ལས་མ་བསྐུལ་རང་མོས་སྒོས་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་དང་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར་དོན་འཁྱོལ་དང་ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོང་བྱ་དགོས་ཤིང་། ཚད་ལྡན་གྱི་ཏང་ཡོན་ཞིག་བྱས་ནས་ལས་ཀའི་གདོང་ལེན་པ་བྱ་དགོས། 
        ཝང་ཏུང་མིང་གིས། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་སི་ཁྲོན་ལས་ཀར་སྤྱི་འདོམས་བྱས་ཏེ། གོམ་གང་མདུན་སྤོས་སྒོས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གྱི་སྤྱིའི་ཐབས་ཇུས་དང་འཐབ་ཇུས་ཀྱི་བྱེད་སྟངས་འཐུས་ཚང་དང་ཕྱོགས་སོ་སོའི་ལས་ཀ་སྔར་ལས་ཡག་པོར་སྒྲུབ་དགོས་ཞེས་བསྟན། 
        གཅིག་ནས་ཁྱོན་ཡོངས་ནས་འཕེལ་རྒྱས་གསར་པའི་འདུ་ཤེས་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་དགོས་པ། མཁོ་སྤྲོད་ལོགས་པའི་གྲུབ་ཆ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་དང་ཁྱོན་ཡོངས་གསར་གཏོད་བཅོས་བསྒྱུར་གྱི་ལས་གཞི་ཨང་རྟགས་དང་པོ་གཙོ་གནད་དུ་འཛིན་དགོས་པ། ཐོན་ལས་རིམ་བསྒྱུར་རིམ་སྤོར་ཇེ་མགྱོགས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། གྲོང་གསེབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེར་གཏོང་བ་དང་སློབ་གསོ་དང་འཕྲོད་བསྟེན། རིག་གནས། ལུས་རྩལ་དང་ཏང་གི་འཛུགས་སྐྲུན་སོགས་ཁྱབ་ཁོངས་གལ་ཆེའི་བཅོས་བསྒྱུར་ལ་མཆོང་བརྒལ་གསར་པ་བརྩོན་ལེན་བྱས་ཏེ་ཁྱོན་ཡོངས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་དང་དཔལ་འབྱོར་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས།
        གཉིས་ནས་ཁྱོན་ཡོངས་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ཀྱི་བླང་བྱ་འཐུས་ཚང་བྱ་དགོས་ཤིང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་པ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་པ་དང་ནན་གྱིས་ཁྲིམས་ལག་བསྟར་བྱེད་པ། དྲང་བཞག་གི་ཁྲིམས་འཛིན་དང་། དམངས་ཡོངས་ཀྱིས་ཁྲིམས་བརྩི་སྲུང་བྱེད་པར་གཅིག་འདོམས་སྐུལ་འདེད་བྱ་དགོས་ཤིང་། རྒྱུན་མཐུད་སྒོས་བཅའ་ཁྲིམས་བདུན་སྤེལ་བ་དང་གཞི་རིམ་གྱི་ཁྲིམས་སྐྱོང་དཔེ་སྟོན་གསར་སྐྲུན་བྱེད་སྒོ་སྐུལ་སྤེལ་བྱས་ཏེ། ཁྲིམས་ལ་བརྟེན་ནས་བྱ་བ་སྒྲུབ་པ་དང་དོན་དག་བྱུང་ཚེ་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་པར་ཁྲིམས་སྤྱོད་པ། འགལ་བ་ཞི་འདུམ་བྱེད་པ་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཆགས་པར་སྐུལ་འདེད་གཏང་དགོས་ཤིང་། མུ་མཐུད་དུ་རང་ཞིང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཆུ་ཚད་མཐོར་འདེགས་གཏང་དགོས།
        གསུམ་ནས་ཁྱོན་ཡོངས་ནས་རིག་གནས་ཀྱི་རང་རྟོན་སྲ་བརྟན་གཏང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་འབྱོར་ཕྱུག་མངའ་ཐང་རྒྱས་པའི་བླང་བྱ་དོན་འཁྱོལ་བྱ་དགོས་ཤིང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགོ་ཁྲིད་དབང་ཆ་དམ་པོར་འཛིན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་དགོས། བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་དགོས། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། ཕྱོགས་སོ་སོའི་ལས་དོན་འཕེལ་རྒྱས་ལ་བསམ་བློའི་གླེང་ཕྱོགས་ཁག་ཐེག་དང་བསམ་པའི་དཔལ་ཡོན་གྱི་རྟེན་ས་བྱེད་དགོས།
        བཞི་ནས་ཁྱོན་ཡོངས་ནས་འགན་སྲུང་མཐོར་འདེགས་དང་དམངས་འཚོ་ལེགས་སྒྱུར་བྱེད་པ་དང་། སྤྱི་ཚོགས་བཅོས་སྒྲིག་ཀྱི་ཆ་རྐྱེན་གསར་སྤེལ་དང་ཤུགས་སྣོན་རྒྱགས་དགོས། མི་དམངས་ཀྱི་ལྟེ་བ་བྱས་པའི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་བྱེད་པ་དང་། མ་མཐུད་དུ་དབུལ་སེལ་འགག་སྒྲོལ་ཞིང་ཆེན་ཡོངས་ཀྱི་དོན་ཆེན་ཨང་དང་པོར་འཇོག་དགོས་ཤིང་། སེམས་ཁུར་མེད་པ་གཉིས་དང་། འགན་སྲུང་གསུམ། བཟང་པོ་བཞི་སོགས་ཀྱི་དམིགས་འབེན་གཏན་འཁེལ་བྱ་དགོས།  གཙག་དྲུབ་ཀྱི་བློ་ཤུགས་ལ་བརྟེན་ནས་དབུལ་སེལ་འགག་སྒྲོལ་ལས་རྣམ་པར་རྒྱལ་དགོས། སློབ་གསོའི་ལས་དོན་འཕེལ་རྒྱས་དམིགས་སུ་བགར་ནས་ལས་ཞུགས་རྒྱུ་སྤུས་ཇེ་བཟང་དང་དང་མི་དམངས་ཀྱི་ཡོང་འཕར་ཆུ་ཚད་གོང་མཐོར་གཏང་དགོས། ཁྱོན་ཡོངས་ནས་དམངས་ཡོངས་ཁེབས་པ། གྲོང་ཞིང་མཉམ་འབྲེལ། དབང་འགན་ཞིབ་ཕྲ། འགན་སྲུང་འོས་བསྟུན་གྱིས་རྒྱུན་མཐུད་རིམ་པ་མང་བའི་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཛུགས་དགོས། འཕྲོད་བསྟེན་བཅོས་བསྒྱུར་གཏིང་ཟབ་དང་། བདེ་འཇགས་སི་ཁྲོན་ལ་སྐུལ་འདེད་ཧུར་ཐག་གཏང་ནས་རྒྱུན་མི་ཆད་པར་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བར་བདེ་འཇགས་ཀྱི་ཚོར་བ་སྟེར་བར་ཤུགས་སྣོན་རྒྱགས་དགོས།
        ལྔ་ནས་ཁྱོན་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་བཅོས་སྒྱུར་མགྱོགས་མྱུར་ངང་དོན་འཁྱོལ་བྱ་དགོས་ཤིང་། མཛེས་སྡུག་ཀྲུང་གོའི་རེ་འདུན་ལྟར། སྲ་བརྟན་སྒོས་སྐྱེ་ཁམས་སྔོ་སྒྱུར་འཕེལ་རྒྱལ་ལ་སྐུལ་འདེད་གཏང་ནས། མུ་མཐུད་དུ་སྐྱེ་ཁམས་འཛུགས་སྐྲུན་དང་དཔལ་འབྱོར་ལེགས་བཅོས་ཀྱི་སྣོན་འཁྲི་ཐབས་ཡག་པོ་བཀོལ་དགོས། ཁོར་ཡུག་ཞིབ་བཤེར་གྱིས་གནད་དོན་རྙེད་ན་མུ་མཐུད་དུ་བཅོས་སྒྱུར་བྱ་དགོས། མུ་མཐུད་དུ་རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་སོགས་སྦགས་བཙོག་འགོག་སྲུང་གི་འཁྲུག་པ་ལས་རྣམ་པར་རྒྱལ་དགོས། མུ་མཐུད་དུ་ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་གིས་གཞི་རྒྱ་ཆེ་བའི་ཁྲོན་ཡོངས་སྔོ་སྒྱུར་གྱིས་ལས་འགུལ་སྤེལ་བ་དང་། ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་ལག་བསྟར་བྱས་ཏེ་གོམ་གང་མདུན་སྤོས་སྒོས་འབྲི་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཁེབས་བརྟན་པོ་སྐྲུན་དགོས།
        དྲུག་ནས་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་མུ་མཐུད་དུ་ཏང་གི་སྲིད་སྐྱོང་ནུས་པ་དང་དབུ་ཁྲིད་ནུས་པའི་ཆུ་ཚད་མཐོར་འདེགས་གཏོང་བའི་བླང་བྱ་དོན་འཁྱོལ་བྱ་དགོས། ཏང་གིས་ལས་ཀ་ཡོད་ཚད་ལ་དབུ་ཁྲིད་བྱེད་པ་རྒྱུན་འཁྱོངས་བ་དང་ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་ཨང་དང་པོར་འཇོག་པ། ཁྱོན་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློའི་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། རྒྱུན་སྲིང་ལྷོད་མེད་ཀྱིས་ཡ་རབས་ཚུལ་ལྡན་བྱ་རྒྱུ། རྩ་ལག་ཟུང་བཅོས་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱ་རྒྱུ།   ཤུགས་ཆེན་པོས་དཔོན་པོའི་སྲོལ་ལུགས་གསར་གཏོད་བྱ་རྒྱུ། ཁྱོན་ཡོངས་ནས་འགོ་ཁྲིད་ལས་བྱེད་པའི་སྲིང་སྐྱོང་ནུས་པ་མཐོར་འདེགས་བཏང་ནས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་བྱ་གཞག་ལ་ཁག་ཐེག་བརྟན་པོ་མཁོ་འདོན་བྱ་དགོས།
        ཝང་ཏུང་མིང་གིས་གསུང་རྒྱུར། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཞིོག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་འགོ་ཁྲིད་ཀྱི་ལས་འགན་ཕྲག་ཏུ་ཁུར་ཏེ་ཞིབ་ཕྲའི་ཇུས་གཞི་གཏན་འབེབས་བྱ་དགོས་ཤིང་། དམ་ཚགས་ཀྱི་བཀོད་སྒྲིག་བྱ་རྒྱུ་དང་དུས་ཐོག་ཏུ་རྩ་འཛུགས་བྱས་ཏེ་སློབ་སྦྱོང་བརྒྱུད་བསྒྲགས་བྱས་ནས་མགྱོགས་མྱུར་སྒོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱ་བའི་ཚ་རླབས་དགོང་ལ་འཕྱུར་བར་བྱ་དགོས། དབུ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུན་འཁྱོངས་ཏེ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་དབུ་ཁྲིད་ལས་བྱེད་པ་གཙོ་བོས་སློབ་སྦྱོང་ཤེས་རྟོགས་དོན་འཁྱོལ་ལ་སྣེ་ཁྲིད་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་ལག་ལེན་ལ་གོ་རྟོགས་དང་ཤེས་སྤྱོད་མཉམ་སྒྲིལ་བྱ་བར་སྣེ་ཁྲིད་དགོས། ཏན་ཏིག་གིས་སློབ་གསོའི་ཟབ་སྦྱོང་སྤེལ་དགོས་ཏེ་རྒྱ་ཆེའི་ཏང་ཡོན་ལ་ཁ་ཕྱོགས་ནས་རྣམ་པ་མང་ཞིང་རིམ་པ་དབྱེ་བ། ཁྱོན་ཡོངས་ཁེབས་པའི་སློབ་གསོའི་ཟབ་སྦྱོང་སྤེལ་དགོས། རྒྱ་ཆེའི་སྒོས་དྲིལ་བསྒྲགས་སྒྲོག་འགྲེལ་སྤེལ་དགོས་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁེ་ལས་དང་ཞིང་གྲོང་། ལས་ཁུངས་དང་སློབ་གྲྭ། སྡོད་ཁུལ་དང་དམག་སྒར། དྲ་ཚིགས་སོགས་སུ་ཁྱབ་པར་སྐུལ་འདེད་བྱས་ཏེ་གང་སར་ཁྱབ་ཅིང་མི་སེམས་གཏིང་ལ་འཇགས་པར་བྱ་དགོས། དོན་དངོས་དང་ཟུང་སྦྲེལ་དམ་ཟབ་བྱ་དགོས་ཏེ། རྟོག་ཞིབ་ཟབ་སྤེལ་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱ་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་དང་ལས་ཀའི་གྲུབ་འབྲས་ཐོག་འཁེལ་བ་བྱ་དགོས།
        ཝང་ཏུང་མིང་གིས་གསུང་རྒྱུར། ད་ལྟ་ལོ་མཇུག་ལོན་པར་ཟླ་བ་གཉིས་མ་གཏོགས་མེད། རིམ་པ་སོ་སོའི་སྡེ་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔའི་ལས་ཀ་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་རུ་བཟུང་སྟེ། བཀོད་སྒྲིག་ལྟར་ལས་གཞིའི་ལོ་རེའི་ལས་ཀ་དང་མཐོ་རིམ་དེང་རབས་ཐོན་ལས་འཕེལ་རྒྱས། ཁྱོན་ཡོངས་བཅོས་བསྒྱུར་གསར་གཏོད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན། ཐའེན་ཧྥུ་ཆུས་གསར་པ་དང་རྒྱལ་སྤྱིའི་མཁའ་ལམ་ཐོན་ལས་ཀྱི་གྲོང་གསར་འཛུགས་སྐྲུན། ནུབ་རྒྱུད་དངུལ་རྩ་ལྟེ་བའི་འཛུགས་སྐྲུན། དབུལ་སེལ་འགག་སྒྲོལ། གེགས་རྗེས་བསྐྱར་བསྐྲུན་སོགས་དམ་འཛིན་ལེགས་པོ་བྱས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་བ་ཁག་ཐེག་བྱ་དགོས། དུས་མཚུངས་སུ་སང་ལོའི་ལས་ཀར་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ་འཕེལ་རྒྱས་ཀྱི་རང་དབང་ནུས་པ་དམ་པོར་འཛིན་དགོས།
        ཝང་ཏུང་མིང་གིས་ནན་གྱིས་གསུང་རྒྱུར། ང་ཚོས་སྔར་བས་དམ་ཟབ་སྒོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། འདུ་ཤེས་བཞི་བརྟན་པོར་བཙུགས་ཏེ་ཁྱོན་ཡོངས་ནས་ཚོགས་ཆེན་བཅུ་དགུ་པའི་ཇུས་ཆོད་དང་བཀོད་སྒྲིག་སོ་སོ་དོན་འཁྱོལ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་སེམས་སུ་དམ་པོར་བཅངས་ནས་མུ་མཐུད་དུ་མདུན་སྐྱོད་བྱ་དགོས། དུས་ནམ་ཡང་དཔའ་ངར་དང་སྙིང་སྟོབས་ཆེ་སྐྱེད་ཀྱི་བསམ་བློའི་འཁྱེར་ཕྱོགས་རྒྱུན་འཁྱོངས་བ་དང་། དུས་ནམ་ཡང་བློ་གཅིག་སེམས་གཅིག་གིས་གཞུང་དོན་སྒྲུབ་པའི་སྤྱི་ཞབས་པའི་སེམས་འདུན་རྒྱུན་འཁྱོངས་བ། དུས་ནམ་ཡང་དཀའ་སྤྱད་སྡུག་རུས་དང་དམ་པ་དོན་གཉེར་གྱི་ལས་ཀའི་སྲོལ་བཟང་རྒྱུན་འཁྱོངས་བ། འགན་ཁུར་ཡག་པོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་སྣེ་ཁྲིད་དེ་ནན་ཏན་སྒོས་ལས་སྒྲུབ་བྱས་ནས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བ་སྐས་རིམ་གསར་པ་ཞིག་ཏུ་འཛེགས་པར་སྐུལ་འདེད་གཏང་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཕུ་ཐག་ཆོད་པའི་རྒྱལ་ཁ་བླངས་བའི་དུས་རིམ་ལ་གྲུབ་འབྲས་གསར་པ་ལེན་དགོས་ཤིང་། མཛེས་སྡུག་དང་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས། ལོ་རྒྱུས་དང་མི་དམངས། ལག་ལེན་གྱིས་ཞིབ་དཔྱད་ལ་སྐྲག་མི་དགོས་པའི་གྲུབ་འབྲས་གསར་པ་བསྐྲུན་ཏེ་ཏང་དང་མི་དམངས། དུས་རབས་ལ་ངོ་གནོང་མི་དགོས་པ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁར་གལ་ཆེའི་གྲུབ་འབྲས་གསར་པ་བརྩོན་ལེན་བྱ་དགོས།
        ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད། དེ་མིན་ཞིང་ཆེན་དམག་ཁུལ་སི་ལིན་ཡོན། ཆབ་སྲིད་ཨུ་ཡོན། གཞན་ཁྲེན་ཏུའུ་རུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ། ཁྲེན་ཏུའུ་ཏུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ལས་བྱེད་རྒན་རབས་པའི་འཐུས་མི། ཞིང་ཆེན་དམངས་ཆེན་རྒྱུན་ཨུ། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ། ཁྲེན་ཏུའུ་རུ་ཡོད་པའི་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཁོངས་མི་དང་ཞིང་ཆེན་དམངས་ཆེན་གྱི་ཆེད་ལས་ཨུ་ལྷན་སོ་སོའི་ཁོངས་མི། ལས་དོན་ཨུ་ལྷན་སོ་སོ། ལས་སྒྲུབ་ལས་ཀ་ལས་ཁུངས་ཀྱི་འགན་ཁུར་བ། ཁྲེན་ཏུའུ་རུ་ཡོད་པའི་སྲིད་གྲོས་རྒྱུན་ཨུ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཆེད་ལས་ཨུ་ལྷན་གྱི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཐད་གཏོགས་ཀྱི་སྡེ་ཁག་དང་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན། སི་ཁྲོན་དུ་བཅའ་སྡོད་བྱས་ཡོད་པའི་ཀྲུང་དབྱང་ལས་ཁུངས་དང་གསར་འགྱུར་འཕྲིན་སྦྱོར། དངུལ་རྩའི་ལས་ཁུངས་དང་ཁྲེན་ཏུའུ་རུ་ཡོད་པའི་ཚན་རིག་ཞིབ་འཇུག་ལས་ཁུངས། མཐོ་རིམ་སློབ་གྲྭ རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཆེ་གྲས་ཀྱི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1