ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྣམས་ཁྲིད་དེ་ཚོགས་ཆེན་ཐེངས་དང་པོའི་ཚོགས་རར་མཇལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 11-01


        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་འགོར་རྗེས་ཀྱི་ཟླ་བཅུ་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་། ལི་ཀྲན་ཧྲུའུ།  ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཁྲིད་དེ་པེ་ཅིང་ནས་ཧྲང་ཧེ་དང་ཀྲེ་ཅང་ཅ་ཞིན་ལ་ཕེབས་ནས། ཧྲང་ཧེ་གྲོང་ཁྱེར་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་དང་པོ་ཚོགས་ས་དང་ཀྲེ་ཅང་ཅ་ཞིན་གྱི་ནན་ཧུའུ་མཚེའུ་ཡི་གསར་བརྗེ་བྱ་འགུལ་སྤེལ་སའི་གསར་བརྗེའི་རྗེས་དྲན་གྲུ་གཟིངས་ལ་མཇལ་བ་མ་ཟད། ཏང་འཛུགས་ལོ་རྒྱུས་ལ་ཕྱིར་དྲན་དང་ཏང་ཞུགས་མནའ་ཚིག་བསྐྱར་འདོན་བྱས་པ་དང་། སྐབས་གསར་པའི་ཏང་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གི་ཆབ་སྲིད་ཡིད་ཆེས་བརྟན་པོ་མངོན་པར་བརྗོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་ནམ་ཡང་འབད་འཐབ་བྱས་ན་ད་གཟོད་ཀྲུང་གོ་གུང་ཁྲན་ཏང་ནམ་ཡང་འཕེལ་རྒྱས་སུ་འགྲོ་ཐུབ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་དཀའ་སྤྱད་འབད་བརྩོན་བྱས་ན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཅིས་ཀྱང་མངོན་འགྱུར་བྱེད་ཐུབ་ཅེས་ནན་གྱིས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1