《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》གི་གྲངས་ཉུང་མི་རིགས་ཡི་གེའི་དེབ་རྐྱང་པ་དཔེ་སྐྲུན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ལྗོངས་དྲ་བ། སྤེལ་དུས། 11-07


          ཉེ་དུས། ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་པོ་ཤིང་རྫོང་ཤིན་ཧྭ་དཔེ་ཚོང་ཁང་དུ“ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་ཆེད་སྒྲོམ”བཟོས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་བསྒྲིགས་ཡོད་པར་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཐོབ་ཅིང་།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》གི་སོག་རིགས་དང་། བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཁྲའོ་ཞན་རིགས། དབྱིས་རིགས། ཀྲོང་རིགས་བཅས་གྲངས་ཉུང་མི་རིགས་7གྱི་ཡི་གེའི་དེབ་རྐྱང་པ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཡིག་སྒྱུར་བྱས་པ་དང་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། གོང་ཚེས་ཉིན་ནས་བཟུང་རྒྱལ་ཡོངས་སུ་ཡོངས་བསྒྲགས་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག《ཚོགས་ཆེན་བཅུ་དགུ་པའི་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་གྱི་སློབ་སྦྱོང་དྲི་བ་དྲིས་ལན》གྱི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་མའང་ཉེ་དུས་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1