ལི་ཐང་རྫོང་གི་ལས་བྱེད་པ་592ཡིས་བོད་རྒྱ་སྐད་གཉིས་ཀྱི་ཚད་ལོན་དཔང་ཡིག་བླངས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-15


                  ལི་ཐང་རྫོང་གི་ལས་བྱེད་པར་བོད་རྒྱ་སྐད་གཉིས་གསོ་སྦྱོང་བྱེད་བཞིན་པ། 

        རྒྱ་རིགས་ལས་བྱེད་པས་བོད་སྐད་སློབ་པ་དང་བོད་རིགས་ལས་བྱེད་པའི་རྒྱ་ཡིག་སློབ་པ་ནི་ལི་ཐང་རྫོང་གི་སྲོལ་རྒྱུན་ཞིག་ཏུ་ཆགས་ཡོད་པ་རེད། སྤྱི་ཟླ་11པའི་ཚེས་13ཉིན་བར་ལི་ཐང་རྫོང་གི་རྫོང་དང་ཞང་རིམ་པའི་ལས་བྱེད་པ་592ཡིས《གཞི་རིམ་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཚད་ལོན་དཔང་ཡིག》བླངས་པ་རེད། 

                  ལི་ཐང་རྫོང་གི་གཞི་རིམ་ལས་བྱེད་པར་རྒྱ་སྐད་ཀྱི་ཚོད་རྒྱུགས་ལེན་བཞིན་པ།

        ལི་ཐང་རྫོང་གིས་ད་ལོའི་ལོ་སྟོད་དུ་བསྡོམས་རྩིས་བྱས་པ་ལྟར་ན། བོད་སྐད་མི་གོ་བའི་ལས་ཁུངས་ཀྱི་ལས་བྱེད་པ་66དང་། ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་125ཁྲོད་ཀྱི་ལས་ཁུངས་ཀྱི་བྱེད་ལས་བྱེད་པ་56དང་། ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་116ཡིས་བོད་སྐད་ཀྱི་ལམ་ནས་རོང་འབྲོག་དམངས་ཚོགས་དང་ཁ་བརྡ་བྱེད་ཐུབ་པར་མ་ཟད། སྡེ་བའི་ལས་བྱེད་པའི་རྒྱ་སྐད་ཀྱི་ཆུ་ཚད་ཀྱང་མཐོར་འདེགས་སུ་ཕྱིན་ཡོད་པ་རེད།།

                ལི་ཐང་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་བརྗེ་རེས་ཚོགས་འདུ་འཚོགས་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1