ཞི་ཅིན་ཕིང་གིས་ཅང་སུའུ་ཞུས་ཀྲོའུ་རུ་རྟོག་ཞིབ་གནང་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-15



        སྤྱི་ཟླ་12པའི་ཚེས་12ཉིན་གྱི་ཕྱི་དྲོར།  ཞུས་ཀུང་ཚོགས་པར་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལེགས་འགྲུབ་བྱུང་མ་ཐག་པའི་XCA220ཅན་གྱི་ལྗིད་འདེགས་འཕྲུལ་འཁོར་དུ་ཕེབས་ནས།  ལག་རྩལ་པ་ལ་ལྗིད་འདེགས་འཕྲུལ་འཁོར་གྱི་ནུས་པ་དང་ཐོན་ཚད།  རིན་གོང་སོགས་ཞིབ་ཏུ་དྲིས་པ་རེད།  ཐོན་རྫས་དེ་ཞུས་ཀོང་ཚོགས་པ་རང་ངོས་ནས་གསར་སྐྲུན་བྱས་པ་དང་དེར་ཆེད་ཁེ་30ལྷག་ཡོད་པ།  དར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོའི་ཚོང་ར་རུ་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རྟོགས་རྗེས།  སྤྱི་ཁྱབ་ཧྲུའུ་ཅི་ཡིས་གདེང་འཇོག་ཆེན་པོ་གནང་ཞིང་ཁེ་ལས་ཀྱིས་མུ་མཐུད་དུ་གསར་གཏོད་བྱ་དགོས་པའི་སྐུལ་མ་གནང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་གྱི་དུས་མཚམས་ཤིག་གི་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་དེ་ཡིན། ས་གནས་ཁག་དང་ཚན་པ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་ཁོང་དུ་ཡང་དག་ཆུད་པ་བྱ་དགོས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་ཇུས་བཀོད་སྒྲིག་ཏན་ཏན་ཏིག་ཏིག་ངང་དོན་འཁྱོལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་བླང་བྱ་གསར་པ་དང་འབྲེལ་བ་དམ་ཟབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1